སྤྱི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱི་ཁེ་གཙང་ཡོང་འབབ་དུས་མཚུངས་པ་ལས་བརྒྱ་ཆ༡༢.༦འཕར།

ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཁབ་ནོར་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན།  རྒྱལ་ཡོངས་ཀྱི་གཞུང་ཁོངས་དང་དེ་བཞིན་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕེལ་ཕྱོགས་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་དང་།  ལས་རིགས་གཙོ་བོའི་ཁེ་སྤོགས་ཐོག་ནས་བལྟས་ན། ས་ཁང་བདག་ཁོངས་ཐོན་ལས་དང་ཨར་སྐྲུན།  རྡོ་སྣུམ་སོགས་ལས་རིགས་ཀྱི་ཁེ་གཙང་ཡོང་འབབ་འཕར་མགྱོགས་ཙམ་ཡོད།
སྤྱི་ཟླ་དང་པོ་ནས་བཞི་པའི་བར་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར ༡༨༩༠༢༣ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༨.༣ འཕར་བ་དང་།  གཞུང་ཁོངས་ཁེ་ལས་ཀྱི་ཁེ་གཙང་ཡོང་འབབ་བསྡོམས་སྒོར་དུང་ཕྱུར ༡༡༢༤༤.༧ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༢.༦ འཕར་ཡོད།
སྤྱི་ཟླ་བཞི་པའི་ཟླ་མཇུག་ཏུ་གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར ༡༩༡༧༧༩༦.༤ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༨.༩ འཕར་བ་དང་།  བུ་ལོན་ཟུག་ཚད་བསྡོམས་སྒོར་དུང་ཕྱུར ༡༢༣༣༧༡༦.༢ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༨.༥ འཕར་བ།  བདག་པོའི་ཁེ་དབང་བསྡོམས་སྒོར་དུང་ཕྱུར ༦༨༤༠༨༠.༢ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༩.༧ འཕར་ཡོད།།


  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]