ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང་ཞིང་གསུམ་གྱི་འཐབ་ས་དང་པོར་ལས་ཀ་བྱེད་མཁན་བློ་མཐུན་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༩ པའི་ཚེས ༢༣ ཉིན་ནི་སྟོན་ཉིན་མཚན་མཉམ་པའི་ཉིན་མོ་ཡིན་པ་དང་།  རང་རྒྱལ་གྱིས་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་གཉིས་པ་བསུས་ཤིང་།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཞིང་ལས་དང་གྲོང་གསེབ་འཕྲིན་ལམ་བརྒྱུད།  རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང་ཞིང་གསུམ་གྱི་འཐབ་ས་དང་པོར་ལས་ཀ་བྱེད་མཁན་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་མ་ཟད།  ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཞིང་ལས་དང་གྲོང་གསེབ་འཕྲིན་ལམ་དངོས་སུ་སྟོན་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་ཞིང་གསུམ་ཁྱབ་ཁོངས་ལ་བྱུང་བའི་གྲུབ་འབྲས་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་འཐབ་བྱས་པའི་འབྲས་བུ་ཡིན་ལ།  རྒྱ་ཆེའི་ཞིང་པ་དང་ཞིང་ལས་འཐབ་ཕྱོགས་ཀྱི་ལས་དོན་པས་དཀའ་སྤྱད་ལས་སྒྲུབ་བྱས་པའི་འབྲས་བུའང་རེད།  ཕྲན་གྱིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང་ཞིང་གསུམ་གྱི་འཐབ་ས་དང་པོར་ལས་ཀ་བྱེད་མཁན་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཞིང་ལས་དང་གྲོང་གསེབ་འཕྲིན་ལམ་དངོས་སུ་སྟོན་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁྱེད་ཚོས་ཞིང་གསུམ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དང་ལས་དོན་བཀོད་སྒྲིག་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་།  དུས་རབས་གསར་པར་ཞིང་ལས་དང་།  གྲོང་གསེབ།  ཞིང་པ་བཅས་ཀྱི་དུས་རབས་གསར་པའི་རྣམ་པ་གསར་པ་དང་ཉམས་འགྱུར་གསར་པ་དྲིལ་བསྒྲགས་གཏིང་ཟབ་བྱས་ནས་སྤྱི་ཚོགས་ཡོངས་སུ་ཞིང་ལས་ལ་དོ་ཁུར་དང་།  གྲོང་གསེབ་ལ་སེམས་ཁུར།  ཞིང་པར་དགའ་གཅེས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་།  རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  གྲོང་གསེབ་དར་རྒྱས་ཡོང་བ་བཅས་ལ་ལེགས་སྐྱེས་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།།

  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]