ཞི་ཅིན་ཕིང་ནས་ཀྲུའུ་ཞིའི་བཀའ་རྒྱ་ཨང་སུམ་ཅུ་སོ་ལྔ་དང་སུམ་ཅུ་སོ་དྲུག་པར་མཚན་རྟགས་བཀོད།

ཡོང་ཁུངས།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་བཅུ་པའི་ཚེས ༢༦ ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་ཀྲུའུ་ཞིའི་བཀའ་རྒྱ་ཨང་སུམ་ཅུ་སོ་ལྔ་དང་སུམ་ཅུ་སོ་དྲུག་པར་མཚན་རྟགས་བཀོད་གནང་བ་རེད། 
ཀྲུའུ་ཞིའི་བཀའ་རྒྱ་ཨང་སུམ་ཅུ་སོ་ལྔ་པའི་ནང་།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་ཨང་བཅའ་ཁྲིམས་ཞེས་པ་དེ་སྤྱི་ལོ ༢༠༡༩ ལོའི་ཟླ ༡༠ ཚེས ༢༦ ཉིན་འཚོགས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པའི་ཐོག་གྲོས་འཆམ་བྱུང་བ་དང་།  ད་ཆ་སྤྱི་བསྒྲགས་བྱ་རྒྱུ་དང་སྤྱི་ལོ ༢༠༢༠ ལོའི་ཟླ་དང་པོའི་ཚེས ༡ ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
ཀྲུའུ་ཞིའི་བཀའ་རྒྱ་ཨང་སུམ་ཅུ་སོ་དྲུག་པའི་ནང་།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བཞི་པས་སྤྱི་ལོ ༢༠༡༩ ལོའི་ཟླ ༡༠ ཚེས ༢༦ ཉིན་གཏན་འབེབས་བྱས་པ་གཞིར་བཟུང་།  ཧོང་ཧྲུའུ་ཞེན་གྱི་དམངས་སྲིད་པུའི་པུའུ་ཀྲང་གི་གོ་གནས་མེད་པ་བཟོ་རྒྱུ་དང་།  ལིའི་ཅི་ཧེང་དམངས་སྲིད་པུའི་པུའུ་ཀྲང་ལ་བསྐོ་བཞག་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།།
 

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]