ནོར་སྲིད་པུས་གེགས་སེལ་མ་དངུལ་སྒོར་དུང་ཕྱུར༡བཏང་ནས་ས་གནས་ཁག་གི་ཐན་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱས།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༧ པའི་ཟླ་དཀྱིལ་ནས་སྤྱི་ཟླ ༨ པ་ཚུན་དུ།  འབྲི་ཆུའི་ལྷོ་རྒྱུད་གྱི་ས་ཆ་མང་ཆེ་བ་དང་།  ཅང་ཧོའེ་ཡི་ནུབ་རྒྱུད།  ཧོང་ཧོའེ་ཡི་ཤར་རྒྱུད་དང་དེ་བཞིན་ཧུའུ་པེ་སོགས་ས་ཆར་ཆར་པ་འབབ་ཚད་རྒྱུན་གཏན་ལོ་ལས་ཉིན ༣ ནས ༧ བར་ཉུང་བ་དང་།  སྤྱི་ཟླ ༩ པའི་ཟླ་དཀྱིལ་དུ་ཏུང་ཐིང་མཚེའུ་དང་ཕོ་དབྱང་མཚེའུ་ཡི་ཆུ་ཁ་དུས་སྐབས་ཤིག་རིང་རྒྱུན་གཏན་ལོའི་དུས་མཚུངས་ལས་སྨི ༤ .༨ དང་སྨི ༥.༧ དམའ་རུ་ཕྱིན་ནས་སྤྱི་ལོ ༢༠༡༢ ལོ་ཚུན་དུས་མཚུངས་ཀྱི་ཆུ་ཁ་དམའ་ཤོས་རེད།

དྲོད་ཚད་མཐོ་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཨན་ཧུའེ་དང་།  ཅང་ཤིས།  ཧུའུ་པེ།  ཧུའུ་ནན།  ཁྲུང་ཆིང་སོགས་འབྲི་ཆུའི་རྒྱུད་ཀྱི་ཞིང་ཆེན༼ གྲོང་ཁྱེར ༽ཁ་ཤས་ཀྱི་ཐན་པའི་གནས་ཚུལ་ཛ་དྲག་ཏུ་ཕྱིན་པ་དང་།  ས་ཁུལ་ཁ་ཤས་ཀྱི་ཐན་པའི་གནས་ཚུལ་དུས་ཚོད་རིང་དུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བ་དང་ཐོན་སྐྱེད་ལ་ཤུགས་རྐྱེན་ཆེན་པོ་ཕོག་ཡོད་པ་རེད།  གེགས་ཁུལ་ལ་རྒྱབ་སྐྱོར་བྱས་ནས་ཐན་འགོག་གེགས་སེལ་གྱི་ལས་དོན་དུས་ཐོག་ཏུ་སྤེལ་ནས་མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱ་ཆེད།  ཉེ་ཆར།  ཀྲུང་དབྱང་ནོར་སྲིད་ཀྱིས་སྤྱི་ལོ ༢༠༡༩ ལོའི་ཞིང་ལས་ཐོན་སྐྱེད་དང་ཆུ་བེད་གེགས་སེལ་གྱི་མ་དངུལ་སྒོར་དུང་ཕྱུར ༡ བཏང་ནས་ཨན་ཧུའེ་དང་།  ཅང་ཤིས།  ཧུའུ་པེ།  ཧུའུ་ནན།  ཁྲུང་ཆིང་སོགས་ཞིང་ཆེན༼ གྲོང་ཁྱེར ༽གྱིས་ཐན་འགོག་གེགས་སེལ་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་པར་སྤྱད་ཡོད་པ་རེད།།

  ༼  རྩོམ་སྒྲིག་བློ་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]