ཀྲུང་གོའི་ཚན་རིག་པ་ཞིག་འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བསྐོ་གཞག་བྱས།

ཡོང་ཁུངས།   མི་དམངས་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༤ ཉིན།  གསར་འགོད་པ་ཀྲུང་གོ་ཚན་རིག་མཐུན་ཚོགས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༩ ལོའི་འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགསWFEO ༽ཀྱི་ཚང་འཛོམས་ཚོགས་འདུ་ཨོ་སི་ཁྲུ་ལི་ཡར་འཚོགས་པ་དང་།  ཚོགས་འདུའི་ཐོག་ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་མཚན་འཛིན་ཨུ་ཡོནནན་ཁའེ་སློབ་ཆེན་གྱི་དེ་སྔའི་སློབ་སྤྱི་ཀུང་ཁེ་འཛམ་གླིང་བཟོ་སྐྲུན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བསྐོ་གཞག་བྱས་པ་དང་འགན་འཁུར་ལོ་གཉིས་གནང་རྒྱུ་རེད།  དེ་ནི་རྩ་འཛུགས་དེ་བཙུགས་རྗེས་ཀྱི་ལོ་ངོ་ ༥༠ ཡི་རིང་ཀྲུང་གོའི་ཚན་རིག་པ་ཀྲུའུ་ཞིར་བསྐོ་གཞག་བྱུང་བ་ཐོག་མ་རེད།

WFEO ནི་སྤྱི་ལོ ༡༩༦༨ ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་གྲོས་འགོ་དང་རྒྱབ་སྐྱོར་འོག་བཙུགས་པའི།  རྒྱལ་ཁབ་ཁག་དང་ས་ཁོངས་བཟོ་སྐྲུན་རྩ་འཛུགས་ཀྱི་མཉམ་འབྲེལ་སྒྲིག་གཞི་ཞིག་ཡིན་པ་དངཕ་རི་སིར་སྤྱི་ཁྱབ་པུའུ་བཙུགས་ཡོད།  འཛམ་གླིང་ཐོག་བཟོ་སྐྲུན་རིགས་ཀྱི་རྒྱལ་སྤྱིའི་རྩ་འཛུགས་ཆེ་ཤོས་ཤིག་ཡིན་པའི་ངོས་ནས།  ཁོངས་མི་ཡང་རྒྱལ་ཁབ་དང་ས་གནས ༡༠༠ ལྷག་ཙམ་དང་ད་དུང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་བཟོ་སྐྲུན་རྩ་འཛུགས ༡༡ ནས་ཡིན་པ་ཤ་སྟག་རེད།  དེ་ནི་འཛམ་གླིང་ཐོག་གི་རྒྱལ་ཁབ་ཀྱི་ཚོགས་མི་དང་རྒྱལ་སྤྱིའི་ཚོགས་མི་ལས་གྲུབ་པའི་རྒྱལ་སྤྱིའི་རྩ་འཛུགས་ཆེ་ཤོས་ཤིག་རེད།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]