སྤྱི་ལོ༢༠༢༠ལོར་རང་རྒྱལ་གྱི་འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི༡.༣ཡན་བརྟན་པོ་ཡོང་བ་བྱ་རྒྱུ།

ཡོང་ཁུངས།   མི་དམངས་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཀྲུང་དབྱང་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན། ཞིང་ལས་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུས་བརྗོད་དོན།  སྤྱི་ལོ ༢༠༡༩ ལོར།  འབྲུ་རིགས་ཐོན་སྐྱེད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་དེ་ཐོན་འབབ་རྒྱ་མ་དུང་ཕྱུར ༡༣༢༧༧ ཟིན་པ་དང་།  ལོ་ལྔ་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི ༡.༣ ཟིན་རྒྱུ་རྒྱུན་འཁྱོངས་བརྟན་པོ་བྱུང་ནས་འབྲུ་རིགས་ཐོན་སྐྱེད་དེ་ལོ་རྒྱུས་རང་བཞིན་གྱི་ལོ་བཅུ་དྲུག་བསྟུད་མར་ལོ་ལེགས་བྱུང་ཡོད།

སྤྱི་ལོ ༢༠༢༠ ལོར།  རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཐད་འབྲུ་སྣ་འདེབས་ཁྱོན་མུའུ་དུང་ཕྱུར ༡༤.༢ ཡན་ཟིན་པ་དང་འབྲུ་རིགས་ཀྱི་སྤྱིའི་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི ༡.༣ ཡན་ཟིན་རྒྱུ་འགན་ལེན་བྱ་རྒྱུ་ཡིན་པ།  སྤྱི་ལོ ༢༠༢༠ ལོར་འབྲུ་རིགས་ཐོན་སྐྱེད་ཐད་སྲིད་ཇུས་བརྟན་པོ་དང་རྒྱ་ཁྱོན་བརྟན་པོ་དགོས་པ་དང་།  འབྲུ་རིགས་བདེ་འཇགས་ཐད་ཧྲེང་ཀྲང་གི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཞིང་ཆེན་གྱིས་ཐོན་ནུས་ཆེ་རུ་ཧུར་ཐག་གཏོང་དགོས་པ་དང་འབྲུ་རིགས་ཐོན་ཁུལ་ཕལ་པའི་ཞིང་ཆེན་གྱིས་ཀྱང་རང་ཁ་རང་གསོ་ཐུབ་ཚད་མཐོ་རུ་བཏང་ནས་ཞིང་ཆེན་ཁག་གི་འབྲུ་རིགས་འདེབས་ཁྱོན་དང་ཐོན་འབབ་གཞི་རྩའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

 

 

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]