ད་ལོ་རང་རྒྱལ་གྱིས་ཕྱི་རྒྱལ་དང་མཉམ་དུ་གནའ་རྫས་རྟོག་ཞིབ་ཀྱི་རྣམ་གྲངས༤༦ལག་བསྟར་བྱས།

ཡོང་ཁུངས།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-12-31

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན།  སྤྱི་ལོ ༢༠༡༩ ལོར་རང་རྒྱལ་གྱིས་ཕྱི་རྒྱལ་དང་མཉམ་དུ་གནའ་རྫས་རྟོག་ཞིབ་ཀྱི་རྣམ་གྲངས ༤༦ ལག་བསྟར་བྱས་པ་དང་།  ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁ་གླིང་།  ཡོ་རོབ་གླིང་།  ཨ་མེ་རི་ཁ་གླིང་སོགས་རྒྱལ་ཁབ ༢༠ ལྷག་ཙམ་དང་མཉམ་ལས་བྱས་པ་དང་།  དེའི་ཁྲོད་ཕྱི་རྒྱལ་དུ་གནའ་རྫས་རྟོག་ཞིབ་བྱེད་པར་སྐྱོད་པའི་རྣམ་གྲངས ༣༨ དང་།  ཕྱི་རྒྱལ་གྱི་གནའ་རྫས་རྟོག་ཞིབ་ཚོགས་པས་རང་རྒྱལ་དུ་མཉམ་འབྲེལ་ཐོག་གནའ་རྫས་རྟོག་ཞིབ་བྱེད་པའི་ཡོང་བའི་རྣམ་གྲངས ༨ ཚུད་ཡོད།
དེང་སྐབས་རང་རྒྱལ་གྱིས་མཉམ་ལས་རྒྱལ་ཁབ་དབར་གནའ་རྫས་རྟོག་ཞིབ་ཀྱི་ལས་དོན་སྤེལ་བ་དང་གནའ་རྫས་སྔོག་འདོན།  ཆེད་དོན་ཞིབ་འཇུག་བཅས་བྱས་པ་བརྒྱུད།  གནའ་བོའི་དར་གོས་ལམ་བུའི་ཐོག་གི་དངོས་ཟོག་བརྗེ་ཚོང་དང་རུས་རྒྱུད་ཚོ་པ་གནས་སྤོ།  བསམ་བློ་བརྗེ་རེས།  ཤེས་དཔལ་སྤེལ་རེས་བཅས་ཤེས་རྟོགས་བྱུང་ཡོད། 
རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུང་ཤིན་ཁྲོའོ་ཡིས།  དེང་གི་ཀྲུང་གོའི་གནས་རྫས་རྟོག་ཞིབ་རིག་པ་དེ་བས་བློ་སྤོབས་ཆེ་རུ་ཕྱིན་པ་དང་སྒོ་དབྱེ་ཅན་དུ་གྱུར་ཡོད།  ང་ཚོ་ཕྱིར་སྐྱོད་དགོས་པ་མ་ཟད་ད་དུང་སྐུ་མགྲོན་ནང་ལ་གདན་འདྲེན་ཞུ་དགོས།  མ་འོང་པར་ང་ཚོས་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་རྒྱུར་སྣང་ཆེན་བྱས་ཏེ།  རྒྱལ་སྤྱི་དང་འཛམ་གླིང་རྒྱལ་ཁབ་གཞན་གྱི་གནའ་རྫས་རྟོག་ཞིབ་ལ་བྱང་ཆུབ་པའི་ཆེད་ལས་མཁས་ཅན་དང་རིག་གནས་པ་གསོ་སྦྱོང་བྱེད་དགོས་ཞེས་གསུངས།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]