རྒྱལ་ཁབ་སློབ་གསོ་པུས་དྲ་ཐོག་སློབ་ཁྲིད་ཚད་དང་རན་པ་བྱེད་དགོས་པའི་མཛུབ་སྟོན་གནང་།

ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་ཁབ་སློབ་གསོ་པུས་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་འགོག་ཟོན་དང་སློབ་གསོའི་བསྒྱུར་འཕེལ་ལས་དོན་ཁག་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ཞིང་།  བརྡ་ཐོའི་ནང་དྲ་ཐོག་སློབ་ཁྲིད་ཀྱི་ལས་དོན་སྔར་བས་ཡག་པོ་སྒྲུབ་ནས།  དགེ་རྒན་ཚང་མར་ཐད་གཏོང་སློབ་ཚན་གྲ་སྒྲིག་བྱ་དགོས་པ་དང་།  དྲ་ཐོག་སློབ་ཁྲིད་ཀྱི་ཐོན་ཁུངས་མཉམ་སྤྱོད་དང་སློབ་ཁྲིད་བྱེད་སྟངས་གསར་གཏོད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ཁ་གསལ་བཏོན་ཡོད།
བརྡ་ཐོའི་ནང་།  ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གིས་སློབ་ཚན་ཚོགས་མཚམས་བཞག་ཀྱང་སློབ་ཁྲིད་བྱེད་མཚམས་མི་འཇོག་པའི་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས་ནས།  སློབ་མ་ཚོར་ཁྱིམ་སྡོད་སློབ་སྦྱོང་གི་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས།  ངལ་གསོའི་དུས་ཚོད་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ་དང་སློབ་ཁྲིད་ཀྱི་ནང་དོན་ཚད་རན་པོ།  སློབ་ཁྲིད་བྱེད་ཡུན་ཚད་རན་པོ་བཅས་བྱེད་དགོས།  དྲ་ཐོག་གི་སློབ་ཁྲིད་སྒྲིག་འཛུགས་ཚད་ལྡན་དུ་བཏང་ནས་དགེ་རྒན་དང་སློབ་མའི་འཁུར་པོ་ལྗི་རུ་མི་འགྲོ་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་།  སློབ་ཆེན་ཁག་གིས་རང་སོ་སོའི་སློབ་གྲྭའི་དངོས་ཡོད་གནས་ཚུལ་དང་ཟུང་བྲེལ་བྱས་ཏེ།  ཆེད་ལས་མི་འདྲ་བ་དང་ལོ་རིམ་མི་འདྲ་བ།  སློབ་ཚན་གྱི་ཁྱད་ཆོས་མི་འདྲ་བ་བཅས་ལ་གཞིགས་ནས།  སློབ་གྲྭ་གཅིག་ལ་ཐབས་ཇུས་གཅིག་གམ་ཐབས་ཇུས་སྣ་ཚོགས་ཀྱི་དྲ་ཐོག་སློབ་ཁྲིད་ཇུས་གཞི་བཟོ་བ་དང་འབྲེལ་ཕན་འབྲས་ལ་དཔྱད་དཔོག་ནན་ཏན་བྱས་ཏེ།  དུས་ཐོག་ཏུ་ལེགས་སྒྲིག་བྱས་ཐོག་དམིགས་བསལ་དུས་ཀྱི་དྲ་ཐོག་སློབ་ཁྲིད་དང་སློབ་འགོ་ཚུགས་རྗེས་ཀྱི་སློབ་ཁྲིད་གཉིས་ཕན་ཚུན་འབྲེལ་མཐུད་ནུས་ལྡན་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད།
བརྡ་ཐོའི་ནང་རིམས་ནད་འགོག་ཟོན་གྱི་གནས་ཚུལ་གཞིགས་ནས།  སློབ་གྲྭ་འབྲིང་ཆུང་གི་སློབ་འགོ་འཛུགས་པའི་ལས་དོན་འཆར་འགོད་བཟོས་ཏེ།  རིམས་ནད་སྤྱིའི་ཆ་ནས་ཚོད་འཛིན་མ་ཐུབ་བར་སློབ་འགོ་འཛུགས་རྒྱུ་མེད་པ་བཏོན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]