༢༠༡༧ལོར་རང་ལྗོངས་ཀྱིས་ཆུ་བེད་ཐད་མ་འཇོག་སྒོར་དུང་ཕྱུར༡༠༥.༨དོན་འཁྱོལ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-06-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་རང་སྐྱོང་ལྗོངས་ཆུ་བེད་ཁོངས་གཏོགས་ནས་ཆུ་བེད་འགན་སྲུང་གི་དམངས་འཚོ་ཨང་དང་པོར་བཞག་ནས།  དབུལ་སྐྱོར་གནད་འཕིགས་དང་དབུལ་གྲོལ་གནད་འཕིགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་འཆར་འགོད་ཇུས་གཞི་དང་རྣམ་གྲངས་ཀྱི་ཞིབ་ཐོ་བཟོས་ནས།  གནས་སྤོས་དབུལ་སྐྱོར་གྱི་གནས་སྤོ་དང་ས་བབ་མཐོ་བ་སོགས་ཀྱི་དམིགས་བསལ་ས་ཁོངས་ཀྱི་གནས་སྤོ།  མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་སྐུལ་འདེད་ཤུགས་ཆེ་བཏང་པ་རེད།

སྤྱི་ལོ ༢༠༡༧ ལོ་ཁོ་ནར་ཆུ་བེད་མ་དངུལ་སྒོར་དུང་ཕྱུར ༡༠༥ ལྷག་ཙམ་དོན་འཁྱོལ་བྱས་པ་དེ་སྤྱི་ལོ ༢༠༡༦ ལོའི་ལྡབ་གཅིག་འཕར་བ་དང་།  མ་འཇོག་སྒོར་དུང་ཕྱུར ༡༠༠ ལྷག་ཙམ་ལེགས་སྒྲུབ་བྱས་པ།  ཆུ་བེད་མ་འཇོག་དོན་འཁྱོལ་དང་ལེགས་སྒྲུབ་ཚང་མ་སྒོར་དུང་ཕྱུར་བརྒྱ་ལས་འགག་སྒྲོལ་བྱུང་ནས་ཆུ་བེད་མ་འཇོག་ཐད་མཆོང་སྐྱོད་ཆེན་པོ་བྱུང་པ་རེད།  སྤྱི་ལོ ༢༠༡༧ ལོར་མི་ཁྲི་ཚོ ༡༤.༩༨ ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ལེགས་བཅོས་བྱུང་བ་དང་སྦྲགས།  ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་ཚོ ༥༠ གསར་སྣོན་དང་ལེགས་བཅོས་བྱུང་བ་དང་།  གྲོང་གསེབ་ཆུ་གློག་གི་གློག་འདོན་ཚད་ཝ་སྟོང་ཚན ༢༧༠༠༠ གསར་སྣོན་དང་ལེགས་བཅོས་བྱུང་བ་རེད།

ལོ་ལྔའི་རིང་རང་ལྗོངས་ཀྱིས་སྔ་རྗེས་སུ་གྲོང་གསེབ་འཐུང་ཆུའི་ལས་གཞི ༣༨༤༦ བསྐྲུན་ཟིན་ནས།  གྲོང་གསེབ་མང་ཚོགས་དང་སློབ་གྲྭའི་དགེ་སློབ་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འབོར་ཁྲི་ཚོ ༤༨.༦༦ ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་པ་དང་།  ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་ཁྱབ་ཚད་བརྒྱ་ཆ ༩༦ ཟིན་པ་རེད།  གློག་ཤུགས་ཅན་གྱི་རྫོང་དང་གློག་གིས་མེ་ཤིང་ཚབ་བྱེད་པ།  ལས་ཕྱོད་དང་ཤོང་ཚད་རྒྱ་སྐྱེད།  གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་དང་།  ཞིང་ཁུལ་གྱི་ཆུ་ཤུགས་གློག་འདོན་ཚད་ཝ་སྟོང་ཚན ༤.༢ དང་།  གློག་མེད་པའི་ས་ཁུལ་གྱི་དུད་ཚང་ཁྲི་ཚོ ༧.༣༨ དང་མི་གྲངས་ཁྲི་ཚོ ༣༣ ལ་གློག་གསར་སྣོན་དང་ལེགས་བཅོས་ཐུབ་ནས་ཞིང་འབྲོལ་ཁུལ་དུ་གློག་ཁྱབ་སྤེལ་ཐུབ་ཚད་བརྒྱ་ཆ ༩༥ ཡན་ཟིན་ཡོད།  ཞིང་ནང་ཆུ་བེད་ཀྱི་གཞི་རྩའི་འཛུགས་སྐྲུན་ཤུགས་ཆེན་བརྒྱབ་ནས་གཞི་ཁྱོན་ཆུང་བའི་ཞིང་ཁའི་ཆུ་བེད་གཙོ་གནད་རྫོང་དང་ཆེད་དོན་རྫོང་ཡོངས་སུ་ཁྱབ་ཐུབ་པ་བྱུང་བ་དང་།  ལྗོངས་ཡོངས་ཀྱི་ས་ཞིང་ལ་ཆུ་འདྲེན་ཐུབ་པའི་རྒྱ་ཁྱོན་མུའུ་ཁྲི ༣༩༠ ཟིན་པ་རེད།

ལོ་ལྔའི་རིང་རང་ལྗོངས་ཀྱིས་བོད་ཀྱི་ཆུ་བོ་དང་མཚེའུ་ནུས་རྒྱུ་ཁུལ་དུ་སྦགས་བཙོག་ཐེག་ནུས་དཔྱད་ཞིབ་གཏན་འཁེལ་དང་།  དུས་དབྱེའི་ཚད་བཀག་སྦགས་བཙོག་ཕྱིར་བཤངས་སྤྱི་འབོར་གྱི་ཚོད་འཛིན་ཇུས་གཞི་བཟོས་ནས།  ལྗོངས་ཡོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽བདུན་གྱི་ཆུའི་སྤུས་ཚད་དཔྱད་དཔོགས་ལ་ཕན་འབྲས་རགས་ཙམ་ཐོན་པ་དང་།  ས་ཆུ་ཤོར་ཁུལ་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ ༦༨༢.༩༩ བཅོས་སྒྲིག་བྱས་པས་ཆུའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། 
ལོ་ལྔའི་རིང་ལྷ་ས་གྲོང་ཁྱེར་གྱི་ཕུ་མདོ་ཆུ་བེད་ལྟེ་བའི་ལས་གཞི་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་མ་ཟད་ཕན་འབྲས་ཀྱང་ཐོན་ཡོད།  ཡར་ལྷ་ཤམ་ཆུའི་ཆུ་མཛོད་ཀྱི་ཆུ་སྒོ་འོག་མའི་ཆུ་གསོག་ལེགས་སྒྲུབ་བྱུང་བ་དང་གཙང་རྒྱུད་བྱང་ངོས་ཆུ་འདྲེན་ཁུལ་སོགས་ཀྱི་ལས་གཞི་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ།  ལ་ལྷོ་དང་འཕན་པོ་ཆུ་འདྲེན་ཁུལ་སོགས་ཀྱི་ལས་གཞི་ལག་བསྟར་བདེ་བླག་བྱུང་ཡོད།  སྤྱི་ལོ ༢༠༡༣ ནས ༢༠༡༧ ལོའི་བར་སྔ་ཕྱི་བསྡོམས་ཆུ་བེད་མ་དངུལ་སྒོར་དུང་ཕྱུར ༣༠༠ དོན་འཁྱོལ་བྱུང་བ་དང་།  ཆུ་བེད་མ་འཇོག་སྒོར་དུང་ཕྱུར ༣༤༨ ལེགས་སྒྲུབ་ཟིན་པ་དེ་དག་ཁག་སོ་སོར་འདས་ཟིན་པའི་ལོ་ལྔའི་ལྡབ ༢.༦ དང་ལྡབ ༣ འཕར་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]