པེ་ཅིང་བོད་སྐྱོར་བཀོད་འདོམས་པུས་ལོ་ལྔ་ཚན་བཅུ་གསུམ་པའི་རིང་ལྷ་སའི་དབུལ་གྲོལ་འགག་སྒྲོལ་ཐད་མ་དངུལ་སྒོར་དུང་ཕྱུར༡༦.༢༣བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-10-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལོ་ལྔ་ཚན་བཅུ་གསུམ་པའི་རིང་པེ་ཅིང་བོད་སྐྱོར་བཀོད་འདོམས་པུས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ལ་དམིགས་ཏེ།  དབུལ་སྐྱོར་རྣམ་གྲངས་ཀྱི་ཕན་འབྲས་དཔྱད་བསྡུར་ཧྲག་འདེམས་བྱས་པར་བརྟེན་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་སྒྲོལ་ཡོང་རྒྱུར་ཐད་ཀར་སྐུལ་ཁྲིད་བྱེད་པའི་ཐད་མ་དངུལ་བེད་སྤྱོད་ཐུབ་པ་བྱས་པ་རེད།  ལོ་ལྔ་ཚན་བཅུ་གསུམ་པའི་རིང་ལྷ་སའི་དབུལ་གྲོལ་འགག་སྒྲོལ་ཐད་མ་དངུལ་སྒོར་དུང་ཕྱུར ༡༦.༢༣ བཏང་ནས་དབུལ་སྐྱོར་རྣམ་གྲངས ༢༢༧ དང་།  ཐོན་ལས་རྣམ་གྲངས ༤༢ བཀོད་སྒྲིག་བྱས་ནས་དུད་ཚང་ ༡༡༠༥ མང་ཚོགས ༧༥༩༣ དབུལ་སྒྲོལ་ཡོང་རྒྱུར་སྐུལ་འདེད་ཐེབས་པ་རེད། 
སྙེ་མོ་རྫོང་མཁར་རུ་གྲོང་ཚོར་ལི་གྲོ་དང་ཕིང་གུའི་ཁམ་བུ་འདེབས་འཛུགས་བྱེད་པའི་དབུལ་སྐྱོར་ཐོན་ལས་ལ་བརྟེན་ནས།  སྤྱི་ལོ ༢༠༡༧ ལོར་སྔ་ཕྱི་བསྡོམས་ཡོང་འབབ་སྒོར་ཁྲི་ཚོ ༣༥༢ བྱུང་ནས་གྲོང་ཚོ་དེའི་དབུལ་ཕོངས་མི་འབོར ༡༡༣ ཚང་མ་དབུལ་སྒྲོལ་ཐུབ་པ་དང་།  ཐོན་ལས་འདེགས་སྐྱོར་གྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་ཚོ ༣༥༥༠ བཀོད་སྒྲིག་བྱས་ཏེ་པེ་ཅིང་དུ་ས་གཙང་འབྱུང་འཕྲོད་ཐོན་ལས་ཆེད་ཚོང་ཁང་འཛུགས་རྒྱུར་རོགས་རམ་བྱས་པ་རེད།  ལོ་ལྟར་ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་སྒྲིག་འཛུགས་ཐོག་པེ་ཅིང་གྲོང་ཁྱེར་དུ་ཁ་གཏད་རོགས་སྐྱོར་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་ཚོང་འདུས་ནང་ཞུགས་པ་དང་།  སྤྱི་ལོ ༢༠༡༧ ལོའི་ཚོང་འདུས་ཐོག་བྲིན་ཚོང་བྱེད་ཚད་སྒོར་ཁྲི་ཚོ ༡༠༧༡ ལྷག་ཙམ་ཟིན་པ་རེད།  སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོའི་གནས་སྤོས་ཞག་སྡོད་ཡུལ་སྐོར་གྱི་རྒྱུན་སྲིང་གོང་འཕེལ་རྣམ་གྲངས་དང་།  ཁྲེང་ཀོན་ཆུས་ཀྱི་འོ་མའི་ཐོན་རྫས་ལས་སྣོན་བཟོ་གྲྭའི་ལས་ཞུགས་དབུལ་སྐྱོར་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་བཀོད་སྒྲིག་ལག་བསྟར་བྱས་ཏེ།  དབུལ་ཕོངས་ཁྱིམ་ཚང་གི་མང་ཚོགས ༢༧༠ ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་རོགས་སྐྱོར་བྱས་པ་རེད།། 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]