རང་ལྗོངས་ཀྱིས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕྱོཌ་ཁག་དམིཌ་ཚད་ལས་འགན་ཐུཌ་གྲ་ལེཌ་སྒྲིག་ཡོང་རྒྱུར་འགན་སྲུང་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2018-12-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཆེད་དོན་ཚོགས་འདུ་འཚོགས་གནང་ནས།  རང་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་དབྱེ་ཞིབ་དང་དམངས་གཉེར་དཔལ་འབྱོར་གོང་འཕེལ་གྱི་གནས་ཚུལ་སྙན་ཞུ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྲོང་ཡན་དང་ཅང་ཅེ།  དབང་ཧེ་ཀྲའུ།  ཀྲང་ཡུང་ཙེ་བཅས་ཚོགས་འདུར་ཕེབས་ཡོད།
ཆེ་དགྲ་ལྷས་རིམ་ཁག་ཚན་པ་ཁག་ནས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གཏན་འཁེལ་བྱས་པའི་སྔོན་དཔག་དམིགས་ཚད་དང་ལས་འགན་ཁག་དང་།  ལྷག་པར་དུ་ཞིང་འབྲོག་མང་ཚོགས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཆ་སྙོམས་ལག་ཡོད་ཡོང་འབབ་སོགས་དམིགས་ཚད་ལས་འགན་དང་བསྟུན་ནས་ལས་དོན་ཁག་ཏན་ཏིག་སྤེལ་ཏེ།  སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས་པ་དང་།  ས་གནས་སྲིད་གཞུང་གི་བུ་ལོན་གྱི་མངོན་མེད་ཉེན་ཁ་འགོག་སེལ་བྱེད་པ།  རྒྱལ་ཁབ་ནས་རང་ལྗོངས་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་དགོས་པ།  ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་རང་ལྗོངས་ལ་དབུལ་གྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་བྱེད་རྒྱུས་གོ་སྐབས་བྱས་ཏེ།  ཞན་ཆ་སེལ་བ་དང་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་ལས་དོན་ཏན་ཏིག་སྒྲུབ་དགོས་པ།  ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྡོག་འདྲེན་གནད་དོན་བཅོས་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ།  མཛེས་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་སྤེལ་གང་མགྱོགས་གཏོང་དགོས་པ།  ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་སྐྱེད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས།  དགུན་དུས་བོད་ལ་ཡུལ་སྐོར་དུ་སྐྱོད་ཅེས་པའི་བྱེད་སྒོ་མུ་མཐུད་ཡག་པོ་སྤེལ་དགོས་པ།  དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་ངང་ལས་ཞུགས་ཀྱི་ལས་དོན་དམ་འཛིན་ཏན་ཏིག་དང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་པ་དང་སློབ་གསོ་དང་རིག་གནས།  འཕྲོད་བསྟེན་སོགས་སྤྱི་ཚོགས་བྱ་གཞག་ཁག་གཅིག་གྱུར་འཆར་འགོད་ཐོག་གོང་འཕེལ་ཡོང་བ་བྱེད་དགོས་པ།  ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་ཐོན་སྐྱེད་བདེ་འཇགས་ལས་ཀར་དམ་འཛིན་བྱས་ཏེ།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་དང་འགན་སྲུང་ཡག་པོ་བྱེད་དགོས་པ་བཅས་ཀྱི་མཛུབ་སྟོན་གནང་བ་རེད།
ཆེ་དགྲ་ལྷ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཡོ་འགུལ་སྤུ་ཙམ་མེད་པ་གཉིས་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གསུངས་ཡང་ཡང་གནང་ཡོད་སྟབས།  ང་ཚོས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་དང་བླང་བྱ་གལ་ཆེན་དེ་ཞིབ་ཕྲའི་སྲིད་ཇུས་ཁག་ནས་མངོན་པ་བྱེད་པ་དང་།  རང་ལྗོངས་དམངས་གཉེར་ཁེ་ལས་ཀྱི་དཔལ་འབྱོར་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཞིབ་འཇུག་དང་སྒྲིག་བཟོ་བྱས་ཏེ།  གློད་སྡོམ་ཞབས་གསུམ་བསྒྱུར་བཅོས་ཟབ་གཏོང་བྱེད་པ་དང་།  སྲིད་ཇུས་དང་ཚོང་ལས་ཀྱི་འབྲེལ་བ་གསར་པ་ཧུར་ཐག་གཏོད་དེ་དམངས་གཉེར་དཔལ་འབྱོར་ལ་གོང་འཕེལ་གྱི་ཁོར་ཡུག་སྔར་བས་བཟང་པོ་གཏོད་ཐོག  དམངས་གཉེར་དཔལ་འབྱོར་གྱི་གསར་གཏོད་གསོན་ཤུགས་སྔར་བས་འཕེལ་བ་བྱས་ཏེ་དམངས་གཉེར་དཔལ་འབྱོར་གོང་འཕེལ་མགྱོགས་པོ་དང་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]