ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་ཐབས་མང་མཉམ་བཟུང་ངང་དམངས་འཚོའི་ཆུ་བེད་ལས་ཀར་དམ་འཛིན་ཤུགས་ཆེ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-02-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༨ ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཆུ་བེད་གོང་འཕེལ་གྱི་ཆད་སྐྱོན་སྔར་བས་གསབ་སྟེ་མང་ཚོགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་དང་ཞིང་འབྲོག་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད།  ལྷོ་ཁ་གྲོང་ཁྱེར་གྱི་ཆུ་བེད་ཚན་པས་ཐབས་མང་མཉམ་བཟུང་ངང་དམངས་འཚོའི་ཆུ་བེད་ལས་ཀར་དམ་འཛིན་བྱས་ནས།  ལས་གཞི་ཁག་བདེ་བླག་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། 
བསྡོམས་རྩིས་བརྒྱབ་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོར་ལྷོ་ཁ་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར ༡.༡ བཏང་ནས་གཙོ་གནད་རྫོང་གི་རྣམ་གྲངས་བརྒྱད་ལག་བསྟར་བྱས་པ་དང་།  དེང་སྐབས་སྤྱིར་ན་རྣམ་གྲངས་ཁག་མཇུག་སྒྲིལ་ཡོད་པ་དང་།  ལོ་འཁོར་མོར་འཐུང་ཆུ་དང་ཞིང་ནང་ཆུ་འདྲེན་གྱི་ཡུར་བུ ༡༣༨ བཟོས་པར་སྤྱིའི་རིང་ཚད་སྤྱི་ལེ ༡༥༦.༢༢ ཟིན་པ་དང་།  ཆུ་རྫིང་དང་ཆུ་མཛོད་སོགས ༣༩ གསར་སྐྲུན་དང་བསྒྱུར་བཟོ་བྱས་པས་ཆུ་གཤོངས་ཚད་སྤྱི་ཁྲེ་རྒྱ་དཔངས་གྲུ་བཞི་མ་ཁྲི་ཚོ ༡༥.༩༥ ཟིན་པ།  སྒོར་ཁྲི་ཚོ ༡༤༠༠ བཏང་ནས་གྲ་ནང་དང་གོང་དཀར།  ལྷུན་རྩེ།  སྣ་དཀར་རྩེ་བཅས་རྫོང་བཞིར་སྤྱི་ལོ ༢༠༡༨ ལོའི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་གི་ཁག་དང་པོའི་རྣམ་གྲངས་ལག་བསྟར་བྱས་པ་དེ་དག་དེང་སྐབས་ལས་མཇུག་སྒྲིལ་བ།  ཆུ་བེད་ཐད་ཀྱི་ཁ་ཚ་དགོས་གཏུག་གི་རྣམ་གྲངས ༢༧ སྐྲུན་པས་ཐེམ་དུད ༡༦༣༦ གི་མི ༧༥༠༩ ཡི་བདེ་འཇགས་འཐུང་ཆུ་འགན་སྲུང་ཐུབ་པ་བཅས་བྱུང་ཡོད།
དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་རིགས་ཁག་གི་དབུལ་གྲོལ་འགག་སྒྲོལ་རྣམ་གྲངས་དང་རྫོང་རིམ་པའི་རྟ་སྒ་ཆ་འགྲིག་གི་རྣམ་གྲངས།  ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་ཐོན་ཁུངས་དང་རྣམ་གྲངས་བཅས་ལེགས་སྒྲིག་བྱས་ཏེ།  སྒོར་ཁྲི་ཚོ ༧༨༦༧.༨༨ བཏང་ནས་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུའི་སྲ་བརྟན་མཐོར་གཏོང་ལས་གཞི ༡༣༧ ལག་བསྟར་བྱས་པས་མི་ཁྲི ༤.༡༥ ཡི་བདེ་འཇགས་འཐུང་ཆུ་འགན་སྲུང་གི་གནད་དོན་ཐག་གཅོད་ཐུབ་ཡོད།  སྤྱི་ལོ ༢༠༡༨ ལོའི་ལོ་མཇུག་བར།  གྲོང་ཁྱེར་དེ་ཡོངས་ཀྱི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པས་ཞིང་ནང་ཆུ་འདྲེན་འགན་སྲུང་ཐུབ་ཚད་བརྒྱ་ཆ ༨༢ དང་གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུ་འགན་སྲུང་ཐུབ་ཚད་བརྒྱ་ཆ ༩༢ ཟིན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]