རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་ཐོན་ལས་དབུལ་སྐྱོར་ཐད་བློ་ཕུད་གྲོས་གཤོམས་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-03-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཁྲོད་དབུལ་གྲོལ་འགག་སྒྲོལ་དེ་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་དང་ཨུ་ཡོན་རྣམ་པས་གླེང་མང་ཤོས་ཤིག་ལ་གྱུར་ཡོད།  ཁོང་རྣམ་པས་དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་ཚོད་ཐུང་བའི་ཁར་ལས་འགན་ལྕི་པོ་ཡོད་པས།  སྤྱིར་བཏང་མ་ཡིན་པའི་སྲིད་ཇུས་བཟོ་བ་དང་སྤྱིར་བཏང་མ་ཡིན་པའི་བྱ་ཐབས་འཛིན་པ།  སྤྱིར་བཏང་མ་ཡིན་པའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་འགག་སྒྲོལ་ཡོང་བ་དང་།  ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཚེ་དུས་བཀག་ལྟར་དབུལ་གྲོལ་གྱི་ལས་འགན་ལེགས་སྒྲུབ་ཐུབ་སྟེ།  མང་ཚོགས་ལ་བཞག་པའི་འགྱུར་མེད་དམ་བཅའ་མངོན་འགྱུར་ཡོང་ཐུབ་པའི་ངོས་འཛིན་གནང་ཡོད། 
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཕུན་ཚོགས་ཀྱིས།  མངའ་རིས་གོང་འཕེལ་མགྱོགས་པོ་དང་ཡག་པོ་ཡོང་མིན་གྱི་འགག་རྩ་དེ་རྣམ་གྲངས་དང་།  ཐབས་ལམ་གཙོ་བོ་ནི་ཚོང་འགུགས་མ་འདྲེན་དང་གདིང་ཤུགས་ཆེན་པོ་ལྡན་པ་ནི་ཐོན་ལས་ཡིན་པས།  དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པོ་བླངས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་ངེས་པར་དུ་རྣམ་གྲངས་འཛུགས་སྐྲུན་བྱས་ནས་འདེགས་སྐྱོར་བྱེད་པ་དང་ཚོང་འགུགས་མ་འདྲེན་གྱི་བྱ་ཐབས་སྤྱོད་པ།  ཐོན་ལས་གོང་འཕེལ་བཏང་སྟེ་དམིགས་ཚད་བྱེད་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྒོ་དབྱེའི་ནང་འདྲེན་ཐབས་ཇུས་ལག་བསྟར་བྱེད་དགོས་ཀྱི་རེད་ཅེས་གསུངས། 
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱི་སྒོར་སྒོར་ནས་ངོ་སྤྲོད་གནང་བར་གཞིགས་ན།  ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་ལས་དོན་ཆེ་མོ་གསུམ་ཡག་པོ་སྤེལ་ནས་ལས་དོན་ཁག་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་བཏང་པ་དང་།  ལོ་ལྔ་ཚན་བཅུ་གསུམ་པའི་ནང་ལག་བསྟར་བྱེད་རྩིས་ཡོད་པའི་དབུལ་སྐྱོར་ཐོན་ལས་རྣམ་གྲངས ༤༢༠ ཡོད་པའི་ཁྲོད།  རྣམ་གྲངས་ལས་འགོ་འཛུགས་ཐུབ་ཚད་བརྒྱ་ཆ ༧༠.༢ ཟིན་པ་དང་འཛུགས་སྐྲུན་བེད་སྤྱོད་ཐུབ་ཚད་བརྒྱ་ཆ ༤༨.༣ ཟིན་ནས།  དབུལ་ཕོངས་མང་ཚོགས་ཁྲི ༤ ཙམ་ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད།  ལྷ་ས་གྲོང་ཁྱེར་གྱི་རྫོང་༼ ཆུས ༽ཚང་མ་དབུལ་གྲོལ་ཚད་གཞིར་སླེབས་ཡོད་པ་དང་གྲོང་ཚོ ༢༢༥ ཚང་མ་དབུལ་གྲོལ་ཐུབ་ནས་དབུལ་ཕོངས་སུ་གྱུར་ཚད་བརྒྱ་ཆ ༠.༢༧
བར་ཆག་ཐུབ་པ་བྱུང་བ་མ་ཟད།  གྲོང་ཁྱེར་གྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༣༥༦༤༠ ཟིན་ནས་བརྒྱ་ཆ ༡༠ འཕར་བ་དང་།  གྲོང་གསེབ་ཀྱི་གྲོང་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༡༤༥༥༣ ཟིན་ཏེ་བརྒྱ་ཆ ༡༡ འཕར་ཐུབ་པ་བྱུང་ཡོད། 
སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དབུལ་གྲོལ་གནད་འཕིགས་ལ་དམ་འཛིན་ཤུགས་ཆེ་བྱས་ཏེ།  སྤོ་འགྱུར་གཏོང་སྤྲོད་བྱེད་རྒྱུ་དེ་ཤིན་ཏུ་དབུལ་བའི་ཁུལ་ཏུ་འཕར་གཟིགས་བྱེད་དགོས་ཞེས་ནན་བཤད་ཡོད་པ་དང་།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་གི་དབུ་འཛིན་ཉི་མ་བཀྲ་ཤིས་ནས།  རང་ལྗོངས་ཀྱིས་གཏོང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་དོན་འཁྱོལ་བྱས་ཏེ།  ཞིང་འབྲོག་ལས་ཏན་ཏིག་དང་ཞིབ་ཚགས།  སྟོབས་ཆེན་བཅས་སུ་གཉེར་རྒྱུ་ནི་ཞིང་འབྲོག་མང་ཚོགས་དབུལ་གྲོལ་ཕྱུག་འགྱུར་ཐུབ་རྒྱུར་རོགས་རམ་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པས།  བོད་ལྗོངས་ས་མཐོའི་ཞིང་འབྲོག་ཐོན་རྫས་རྟེན་གཞི་འདི་ཉིད་སྒྲིག་བཀོད་དེང་རབས་ཅན་དང་ཐོན་རྫས་ལེགས་པ།  ཁོར་ཡུག་སྦགས་བཙོག་ཚོད་འཛིན་ཐུབ་པ་བཅས་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་གཏོད་དེ།  རང་ལྗོངས་ནས་དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་སྤེལ་གཏོང་ཆེད།  འདེགས་སྐྱོར་གྱི་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་པ་བྱེད་དགོས་ཅེས་གསུངས།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]