ཆབ་མདོས་རང་བདག་སྤུས་རྟགས་དང་ཡུལ་ལུང་ཐོན་རྫས་འགྲེམས་ཚོང་སྐབས་དང་པོ་གཉེར།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཆབ་མདོ་གྲོང་ཁྱེར་གྱི་རང་བདག་སྤུས་རྟགས་དང་ཡུལ་ལུང་ཐོན་རྫས་འགྲེམས་ཚོང་སྐབས་དང་པོའི་བྱེད་སྒོ་ཉེ་དུས་སྤེལ་འགོ་ཚུགས་པ་དང་།  བྱེད་སྒོའི་ཐོག་གྲོང་ཁྱེར་དེ་ཡོངས་སུ་སྐད་གྲགས་ཡོད་པའི་ཁྱད་ལྡན་ལེགས་ཆའི་ཞིང་འབྲོག་ཐོན་རྫས་དང་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས།  སྐྱེ་དངོས་སྨན་རྫས་ཐོན་རྫས།  རང་བྱུང་འཐུང་ཆུ།  འབྱུང་འཕྲོད་ཨར་ལས་རྒྱུ་ཆ་སོགས་གཅིག་བསྡུས་ཐོག་འགྲེམས་ཚོང་བྱས་ཡོད།  གྲོང་ཁྱེར་དེ་ཡོངས་ཀྱི་ཁེ་ལས ༢༥ འགྲེམས་ཚོང་ནང་ཞུགས་ཡོད་པ་དང་བྱེད་སྒོའི་དུས་ཡུན་ཉིན་ལྔ་སྤེལ་རྒྱུ་རེད། 

ཤེས་རྟོགས་བྱས་པར་གཞིགས་ན།  འགྲེམས་ཁང་ནང་ཆབ་མདོའི་ཐོན་རྫས་འགྲེམས་ཚོང་བྱས་པ་ཕུད།  ད་དུང་ཆབ་མདོ་གྲོང་ཁྱེར་གྱི་ཁྲོམ་ར་ལྟ་བསྡོམས་ཅུས་ཀྱིས་ཆེད་མངག་ཚོང་རྟགས་ཐོ་འགོད་བློ་འདྲི་བྱེད་གནས་དང་ཚོང་ཟོག་བདེན་རྫུན་དབྱེ་འབྱེད་བྱེད་གནས་བཙུགས་ཡོད།།  

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]