དུས་ཚིགས་དང་པོར་བོད་དུ་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར༣༥༡༠ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ངོ་སྤྲོད་བྱས་པར་གཞིགས་ན།  དུས་ཚིགས་དང་པོར་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར ༣༥༡༠ ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ ༡༡.༩ འཕར་བ་དང་།  གྲོང་ཁྱེར༼གྲོང་རྡལ༽གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༨༧༩༨ ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ ༩.༨ འཕར་བ།  གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༡༦༥༥ ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ ༡༡.༥ འཕར་བས་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།  གྲོང་གསེབ་ཀྱི་གྲོང་མིའི་ལག་ཡོད་ཡོང་འབབ་འཕར་ཚད་དེ་གྲོང་ཁྱེར༼གྲོང་རྡལ༽གྱི་གྲོང་མིའི་ལག་ཡོད་ཡོང་འབབ་འཕར་ཚད་ལས་མགྱོགས་པ་ཡོད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]