ནག་ཆུས་ད་ལོ་དུད་ཚང་༩༢༩༨ཀྱི་མི༣༩༢༡༦དབུལ་གྲོལ་ཐུབ་པ་བྱ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོ་ནག་ཆུ་གྲོང་ཁྱེར་གྱིས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་དམིགས་ཚད་དང་དམ་པོར་བསྟུན་ནས།  དབུལ་ཕོངས་དུད་ཚང་ ༩༢༩༨ ཀྱི་མི ༣༩༢༡༦ དབུལ་གྲོལ་ཐུབ་པ་བྱེད་རྒྱུ་མ་ཟད།  དབུལ་ཕོངས་གྲོང་ཚོ༼ སྡེ་ཁུལ ༽༣༦༩ དབུལ་གྲོལ་ཐུབ་པ་བྱེད་རྒྱུ་ཡང་ཡིན་པ་དང་།  གསེར་རྙེད་དང་སྦྲ་ཆེན།  ཤན་རྩ།  ཉི་མ།  མཚེའུ་གཉིས་བཅས་རྫོང་༼ ཆུས ༽ལྔ་དབུལ་གྲོལ་ཐུབ་པ་བྱེད་རྒྱུ་བཅས་ཀྱི་ལས་འགན་ལ་དམིགས་ཏེ་དབུལ་སྐྱོར་ཐོན་ལས་འཛུགས་སྐྲུན།  སྤོ་འགྱུར་ལས་ཞུགས།  དབུལ་གྲོལ་འགག་སྒྲོལ་གྱི་སྲིད་ཇུས་སྒྲོག་འགྲེལ་སོགས་གཙོ་གནད་ལས་ཀ་དང་བསྟུན་ནས་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ཁག་བརྟན་པོའི་ངང་སྤེལ་རྒྱུ་རེད། 
ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོ་ནག་ཆུ་གྲོང་ཁྱེར་ནས་ཐོན་ལས་རྣམ་གྲངས་ཀྱི་མ་དངུལ་དེ་གཙོ་གནད་ཐོག་དབུལ་གྲོལ་ཐུབ་པ་བྱེད་རྩིས་ཡོད་པའི་གསེར་རྙེད་དང་སྦྲ་ཆེན།  ཤན་རྩ།  ཉི་མ།  མཚེའུ་གཉིས་བཅས་རྫོང་༼ ཆུས ༽ལྔར་འཕར་གཟིགས་བྱེད་རྒྱུ་དང་།  དབུལ་གྲོལ་ཐུབ་པའི་རྫོང་གཞན་དག་གིས་དབུལ་གྲོལ་བྱུང་རྗེས་ཀྱི་སྲ་བརྟན་རིམ་སྤོར་ལས་དོན་ཏན་ཏིག་སྤེལ་རྒྱུ་རེད།  ལོ་འགོར་ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞིང་འབྲོག་པའི་འབབ་འཕར་དང་སྤོ་བསྒྱུར་ལས་ཞུགས་ཀྱི་འགོ་ཁྲིད་ཚོགས་ཆུང་དང་།  ལས་ཀའི་ཆེད་དོན་ཚན་ཁག་བཙུགས་ཏེ་སྒྲིག་འཛུགས་དང་འགོ་ཁྲིད།  ཇུས་འགོད།  ལག་བསྟར་བཅས་བྱེད་རྒྱུར་སྐུལ་སྤེལ་གཏོང་ཤུགས་ཆེ་རུ་བཏང་ནས།  སྲིད་གཞུང་གི་ཞབས་ཞུ་དང་ཁེ་ལས་ཀྱིས་ལས་བསྡུ་བྱེད་པ།  རང་བདག་ལས་ཞུགས་སོགས་ཀྱི་བྱ་ཐབས་བརྒྱུད་འཁོར་རྒྱུག་ཆོག་པའི་ངལ་ནུས་ཚང་མ་སྤོ་འགྱུར་ལས་ཞུགས་ཐུབ་པ་བྱས་པ་རེད།   
དེང་སྐབས་གྲོང་ཁྱེར་དེ་ཡོངས་སུ་དབུལ་ཕོངས་ཁྱིམ་ཚང་གི་ངལ་ནུས་མི་གྲངས ༥༩༠༠༠ བཀོད་སྒྲིག་ཟིན་པ་དང་།  ད་བར་རྒྱུན་མཐུད་ལས་ཐོག་ལ་ཡོད་པ་དང་ལས་གནས་སྦྲེལ་མཐུད་བྱས་པའི་མི ༡༩༠༠༠ ཟིན་པས།  སྔ་ཕྱི་བསྡོམས་ཡོང་འབབ་སྒོར་ཁྲི་ཚོ ༧༢༣༣ བྱུང་པ་དང་ཆབས་ཅིག  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་ངལ་ནུས ༥༡༦༡ ལ་ད་ལོ་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་དང་ད་བར་མི ༣༠༡ ལ་རྩལ་ནུས་སྦྱོང་བརྡར་སྤྲད་ཟིན་པ་རེད། 
དབུལ་ཕོངས་མང་ཚོགས་ཁག་ཅིག་ལ་སྒུག་བརྟེན་སློང་གསུམ་གྱི་རྗེས་ལུས་བསམ་བློར་དམིགས་ཏེ།  ནག་ཆུ་གྲོང་ཁྱེར་གྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་དང་།  ངལ་རྩོལ་ལ་དགའ་ཞེན་དང་ཤེས་དཔལ་ལ་སྣང་ཆེན།  སྲོལ་གསར་འཛུགས་པ་བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་སྤེལ་ཏེ།  དབུལ་གྲོལ་འགག་སྒྲོལ་དང་སྐྱེ་ཁམས་སྲུང་སྐྱོང་།  གོང་འཕེལ་ཁོར་ཡུག་ལེགས་གཏོང་སོགས་ཀྱི་ལས་དོན་དང་བསྟུན་ནས་བྱེད་སྒོའི་གཞི་རྟེན་གསར་གཏོད་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ།  རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་སྣང་ཆེན་བཞི་དང་དགའ་ཞེན་བཞི།  ངལ་རྩོལ་ལ་དགའ་ཞེན་དང་ཤེས་དཔལ་ལ་སྣང་ཆེན།  སྲོལ་གསར་འཛུགས་པ་བཅས་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།  དེ་དང་ཆབས་ཅིག་བློ་སྐྱོར་དང་རིག་སྐྱོར་གྱི་ལས་དོན་མུ་མཐུད་ཏན་ཏིག་སྤེལ་བ་དང་།  མང་ཚོགས་ཚོས་འཛད་སྤྱོད་ལུགས་མཐུན་བྱེད་རྒྱུར་ཁྲིད་སྟོན།  གཉེན་སྒྲིག་མ་བྱས་གོང་ཕྲུ་གུ་སྐྱེ་བའི་གནད་དོན་བཅོས་སྒྲིག་བྱས་ཏེ།  དབུལ་གྲོལ་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ཇུས་གཞི་གསུམ་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་བ།  ཐབས་མང་མཉམ་བཟུང་ངང་དབུལ་ཕོངས་མང་ཚོགས་ཁྲོད་སྒུལ་ཤུགས་འཕེལ་བ་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]