རང་སྐྱོང་ལྗོངས་ནོར་སྲིད་ནས་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར༡༦.༢༣༠༢གཤམ་སྤྲོད་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་ཀྱིས་སྤྱི་ལོ ༢༠༡༩ ལོའི་དབུལ་གྲོལ་འགག་སྒྲོལ་གྱི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱ་ཆེད་དང་།  དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  དེ་བཞིན་རང་ལྗོངས་ཏང་ཨུད་སྲིད་གཞུང་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱ་ཆེད།  རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་མོས་མཐུན་བྱུང་བ་བརྒྱུད།  ཉེ་དུས་རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུས་ཀྲུང་དབྱང་ནོར་སྲིད་ཀྱི་སྤྱི་ལོ ༢༠༡༩ ལོའི་ཆེད་དོན་དབུལ་སྐྱོར་མ་དངུལ་ཁག་གཉིས་པ་གཤམ་སྤྲོད་བྱེད་ཚུལ་ལ་གཞིགས་ནས།  དབུལ་སྐྱོར་ཆེད་སྤྱོད་སྒོར་དུང་ཕྱུར ༡༦.༢༣༠༢ གཤམ་སྤྲོད་བྱས་ཏེ།  ལྗོངས་ཡོངས་ཀྱི་ཤིན་ཏུ་དབུལ་བའི་རྫོང་༼ ཆུས ༽ ༤༤ ཡི་དབུལ་གྲོལ་འགག་སྒྲོལ་དང་།  ལྷག་པར་དུ་སྤྱི་ལོ ༢༠༡༩ ལོར་དབུལ་ཞྭ་ཕུད་ཐུབ་པ་བྱེད་རྩིས་ཡོད་པའི་རྫོང་གི་དབུལ་ཕོངས་གྲོང་ཚོའི་མི་ཕྱུགས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་དང་།  དེ་བཞིན་གྲོང་གསེབ་ཀྱི་ལོག་ཉེན་ཡོད་པའི་ཁང་པ་བསྒྱུར་བཟོ།  གྲོང་གསེབ་ཀྱི་གཞུང་ལམ་རྒྱས་སྐྲུན།  ཞིང་ལས་ཐོན་སྐྱེད་གོང་འཕེལ་གཏོང་རྒྱུ་བཅས་ཀྱི་ཐད་སྤྱོད་རྒྱུ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]