ལྗོངས་ནོར་སྲིད་ཀྱིས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར༡༥ལྷག་ཙམ་གཤམ་སྤྲོད་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དབུལ་སྐྱོར་གནད་འཕིགས་དང་དབུལ་གྲོལ་གནད་འཕིགས་ཀྱི་གཞི་རྩའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།  ལྗོངས་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་ཆེད།  ཉེ་དུས།  རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་དབུལ་སྐྱོར་སྒོར་དུང་ཕྱུར ༡༥.༡༨ གཤམ་སྤྲོད་བྱས་པའི་ཁྲོད།  གྲོང་ཁྱེར༼ ས་ཁུལ ༽བདུན་གྱི་སྐྱེ་ཁམས་ཁ་གསབ་དབུལ་གྲོལ་ལས་གནས་ཐོག་སྒོར་དུང་ཕྱུར ༡༡.༥ གཏོང་རྒྱུ་དང་།  ལྷ་ས་དང་གཞིས་རྩེ།  ལྷོ་ཁ།  ཆབ་མདོ།  ནག་ཆུ་བཅས་ཀྱི་གྲོང་ཁྱེར་ལ་སྒོར་དུང་ཕྱུར ༢.༤ གཤམ་སྤྲོད་བྱས་ཏེ་ས་ཞིང་རྒྱ་བསྐྱེད་ཐད་གཏོང་རྒྱུ་དང་།  གྲོང་ཁྱེར༼ ས་ཁུལ ༽བདུན་གྱི་གྲོང་གསེབ་འཐུང་ཆུའི་བདེ་འཇགས་སྲ་བརྟན་རིམ་སྤོར་ལས་གཞིར་སྒོར་ཁྲི ༦༠༠༠ གཏོང་རྒྱུ་བཅས་རེད། 
སྤྱི་ལོ ༢༠༡༩ ལོར་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྔ་ཕྱི་བསྡོམས་དབུལ་གྲོལ་འགག་སྒྲོལ་གྱི་གཅིག་གྱུར་འཆར་འགོད་ཐོག་བསྡུ་སྒྲིག་བྱས་པའི་སྒོར་དུང་ཕྱུར ༡༣༤.༦༡ གཤམ་སྤྲོད་བྱས་པ་དེས།  ལོ་འགོའི་འཆར་གཞིའི་བརྒྱ་ཆ ༩༩.༨༡ བཟུང་བ་དང་དངུལ་སྤྲོད་ཡུན་དུས་མཚུངས་པ་ལས་ཟླ་བ་གཅིག་གིས་མགྱོགས་པ་བྱུང་ཡོད།  ནོར་སྲིད་དབུལ་སྐྱོར་མ་དངུལ་དུས་ཐོག་ཏུ་གཏོང་སྤྲོད་བྱས་པ་དེས།  དབུལ་སྐྱོར་གསར་སྤེལ་ལས་དོན་ཁྲོད་ནོར་སྲིད་གཏོང་འཇོག་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་ཐུབ་སྟེ།  ལྗོངས་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུར་འགན་སྲུང་ནུས་ལྡན་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]