རི་བོ་ཆེ་རྫོང་གིས་ལས་ཞུགས་དབུལ་སྐྱོར་ལས་དོན་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གིས་དབུལ་སྐྱོར་གནད་འཕིགས་ལས་ཀའི་གཙོ་གནད་ལ་དམིགས་པ་དང་།  རྫོང་དེ་ཡོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འཆར་འགོད་ནན་ཏན་བྱེད་པ།  ཐབས་མང་མཉམ་བཟུང་ངང་ལས་ཞུགས་དབུལ་སྐྱོར་ལས་དོན་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།   
རི་བོ་ཆེ་རྫོང་གིས་སྔ་རྗེས་སུ་རྫོང་དེ་ཡོངས་ཀྱི་ལས་ཞུགས་མ་ཐུབ་པའི་མི་སྣར་མཐིལ་རྟོགས་བརྟག་ཞིབ་ཐེངས་བཞི་བྱས་ཏེ།  སློབ་ཆེན་ཐོན་པའི་རི་བོ་ཆེ་རྫོང་གི་སློབ་མར་ལས་ཀའི་ལས་ཐོ་བཟོ་བ་དང་ལས་ཞུགས་ལས་གཏོད་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དྲིལ་བསྒྲགས་ལག་དེབ ༤༨༠༠ ལྷག་ཙམ་བཀྲམ་པ།  རྫོང་དེར་མི་བེད་སྤྱོད་ཆ་འཕྲིན་མཛོད་བཟོ་བ་དང་གནས་གཏན་འཁེལ་གྱི་ལས་རིགས་སྦྱོང་བརྡར་ལ་དམ་འཛིན་བྱས་ཏེ།  ས་རྐོ་སྔོག་འཕྲུལ་འཁོར་དང་ས་རྡོ་སྐྱེལ་འདྲེན་འཕྲུལ་འཁོར།  ཨར་སྐྲུན་འཛུགས་སྐྲུན།  མི་རིགས་གྱོན་གོས་ལས་སྣོན་སོགས་སྤྱོད་གོ་ཆོད་པའི་རྩལ་ནུས་སྦྱོང་བརྡར་སྤྲད་པ་རེད།  

རི་བོ་ཆེ་རྫོང་གིས་ངལ་ནུས་ཕྱིར་གཏོང་ལས་ཀར་སྐུལ་ཁྲིད་བྱེད་པའི་ལག་བསྟར་ཇུས་གཞི་བཟོས་ནས།  ས་ཆ་དེ་གའི་ཞིང་འབྲོག་མང་ཚོགས ༢༥༠ ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་ཁྲིད་སྟོན་བྱེད་པ་དང་།  སློབ་ཆེན་ཐོན་པའི་སློབ་མ་དང་སློབ་མའི་ཁྱིམ་བདག་སྒྲིག་འཛུགས་བྱས་ཏེ་ལས་ཞུགས་ལས་གཏོད་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་ནས།  རྫོང་དེ་ཡོངས་སུ་ལས་གཏོད་དཔེ་སྟོན་དང་ཕྱུག་འགྱུར་འཇོན་ཐང་ཅན་གདན་ཞུས་བྱས་ཏེ།  ཉམས་མྱོང་གླེང་བ་མ་ཟད་དབུལ་སྐྱོར་གནད་འཕིགས་ཀྱི་ཐོན་ལས་གོང་འཕེལ་དགོས་མཁོ་དང་ཟུང་འབྲེལ་ཡང་བྱས་ཏེ།  ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་བཅས་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]