རང་ལྗོངས་ཀྱིས་སྐྱེ་ཁམས་ཁ་གསབ་དབུལ་གྲོལ་ལས་གནས་ཀྱི་མང་ཚོཌ་ཚོའི་ཡོང་འབབ་མཐོར་གཏོང་ལ་ཤུཌ་སྣོན་བརྒྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་གཞོན་པ་འཇམ་དཔལ་གྱིས་རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཚོགས་འདུ་གཙོ་སྐྱོང་གནང་ནས།  ལྗོངས་ཡོངས་སྐྱེ་ཁམས་ཁ་གསབ་དབུལ་གྲོལ་ལས་གནས་ཀྱི་ཡོང་འབབ་དམའ་བའི་མང་ཚོགས་ཀྱི་གླ་ཕོག་ཚད་གཞི་གཏན་འཁེལ་བཟོ་བའི་འབྲེལ་ཡོད་བྱ་བར་ཆེད་དོན་ཞིབ་འཇུག་གནང་བ་རེད། 
ཚོགས་འདུའི་ཐོག རིམ་ཁག་ཚན་པ་ཁག་གིས་གསར་དུ་གཏན་འཁེལ་བྱས་པའི་ཡོང་འབབ་དམའ་བའི་མང་ཚོགས་ཚོའི་གླ་ཕོག་ཚད་གཞིར་གཞིགས་ནས་ལས་གནས་བདམས་ཁའི་ལས་དོན་ཡག་པོ་སྤེལ་བ་དང་འབྲེལ་མཐུད་གནད་འཕིགས་བྱས་ཏེ།  ལས་གནས་གྲངས་འབོར་གྱི་ཚད་གཞི་ནན་པོ་སྲུང་དགོས་པ་དང་ཆ་འཕྲིན་ཡོངས་བསྒྲགས།  སྲིད་ཇུས་གསལ་འགྲེལ་ཧུར་ཐག་བྱས་ཏེ་སྤྱི་དམངས་ཀྱི་དོ་ཁུར་བྱེད་གནས་ལ་དུས་ཐོག་ཏུ་བརྡ་ལན་ཡོད་པ་བྱས་ནས།  སྐྱེ་ཁམས་ཁ་གསབ་དབུལ་གྲོལ་ལས་གནས་ཀྱི་ཡོང་འབབ་དམའ་བའི་མང་ཚོགས་ཚོའི་གླ་ཕོག་ཚད་གཞི་གཏན་འཁེལ་ལས་དོན་དུས་ཐོག་ཏུ་དོན་འཁྱོལ་ཐུབ་པ་བྱེད་པ།  ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་ཐུབ་པ་བྱེད་དགོས་པའི་མཛུབ་སྟོན་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]