རང་ལྗོངས་དངུལ་རྩའི་ཚན་པས་ཞིང་འབྲོག་མང་ཚོགས་ལ་དངུལ་རྩའི་ཞབས་ཞུ་ཧུར་ཐག་སྒྲུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་།  རང་ལྗོངས་དངུལ་རྩའི་ཚན་པས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་དོན་དངོས་དང་འཚམས་པའི་ཞིང་འབྲོག་ཁུལ་གྱི་ཡིད་རྟོན་མ་ལག་འཛུགས་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་པ་དང་།  ཡིད་རྟོན་གྲོས་འདྲི་དང་གྲོང་གསེབ་ཀྱི་ཡིད་རྟོན་མ་ལག་སྐྲུན་རྒྱུས་འགག་སྒྲོལ་བྱེད་ས་བྱས་ཏེ།  ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གསར་གཏོད་ཞིབ་བཟོ་བྱས་པས་ཞིང་འབྲོག་མང་ཚོགས་ཀྱི་དངུལ་བུན་གཡར་བའི་ཧུར་སེམས་འཕེལ་ཐུབ་པ་བྱུང་ཡོད།

བོད་ལྗོངས་ཞིང་ལས་དངུལ་ཁང་ཁོངས་གཏོགས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཡིད་རྟོན་དང་རྒྱུ་ནོར་གྱི་གནས་ཚུལ་ལ་གཞིགས་ནས།  ད་ལོའི་སྤྱི་ཟླ ༣ པའི་བར་ཞིང་འབྲོག་མང་ཚོགས་ལ་ཕ་ལམ་བྱང་བུ་དང་གསེར་བྱང་།  དངུལ་བྱང་།  ཟངས་བྱང་བཅས་ཁྱོན་བྱང་བུ་ཁྲི་ཚོ ༤༥ སྤྲད་པས།  ཞིང་འབྲོག་མང་ཚོགས་ལ་དངུལ་བུན་ལག་ཁྱེར་སྤྲོད་ཚད་བརྒྱ་ཆ ༩༣ ཟིན་པ་དང་བེད་སྤྱོད་གཏོང་ཚད་བརྒྱ་ཆ ༩༥ ཟིན་གྱི་ཡོད།  ཞིང་འབྲོག་མང་ཚོགས་ཀྱི་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་རིམ་བཞིན་ཆེ་རུ་ཕྱིན་པ་དང་བསྟུན་ནས།  བོད་ལྗོངས་ཞིང་ལས་དངུལ་ཁང་གིས་སྔ་རྗེས་སུ་དངུལ་བུན་གཏོང་ཚད་ཐེངས་བཞི་མཐོ་རུ་བཏང་བ་རེད།

གཞན་ཡང་དབུལ་ཕོངས་དུད་ཚང་ལ་དམིགས་བསལ་གྱི་དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་ཆེད།  ད་ལོའི་སྤྱི་ཟླ ༣ པའི་བར་རང་ལྗོངས་ཀྱིས་ཞིང་ལས་དང་འབྲེལ་བའི་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར ༤༠༠ ཟིན་པའི་ནང་ཞིང་དུད་ལ་དངུལ་བུན་སྒོར་དུང་ཕྱུར ༢༧༥ བཏང་བ་དང་།  ད་ཡོད་ཀྱི་ཡིད་རྟོན་དངུལ་བུན་སྲིད་ཇུས་ལེགས་སུ་བཏང་ནས་རང་ས་ཁོངས་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་ཆོག་འཐུས་ཆ་རྐྱེན་དམའ་རུ་གཏོང་རྒྱུས་ཆ་རྐྱེན་བྱས་ཏེ།  རང་ལྗོངས་ཀྱིས་བོད་ཀྱི་ཡུལ་ལུང་ཁྱད་ཆོས་ལྡན་པའི་ཆེད་ལས་མཉམ་ལས་ཁང་ལ་དངུལ་བུན་གྱི་ལས་སྒོ་གསར་དུ་གཉེར་བ་དང་།  དེང་སྐབས་ཞིང་ལས་དང་འབྲེལ་བའི་མཉམ་ལས་རྩ་འཛུགས ༤༠ ལ་དངུལ་བུན་སྒོར་དུང་ཕྱུར ༡.༢༦ ལྷག་ཙམ་བཏང་བ་རེད།  དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་ཞིང་ལས་དང་འབྲེལ་བའི་དངུལ་རྩའི་ཚན་པར་དངུལ་བུན་བཏང་རྗེས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས།  དངུལ་བུན་བཏང་རྗེས་ཐོག་མར་རྗེས་འདེད་ཞིབ་བཤེར་གྱི་ལམ་ལུགས་དང་དངུལ་བུན་བཏང་རྗེས་ཀྱི་དུས་བཀག་ཞིབ་བཤེར་ལམ་ལུགས།  དུས་བཀག་ལྟར་ཞིང་དུད་ལ་དངུལ་བུན་གཏོང་སྐབས་ཀྱི་ཉེན་ཁའི་གནས་ཚུལ་ལ་དབྱེ་ཞིབ་སོགས་ཀྱི་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས།  དུས་ཚོད་ཚང་པའི་དངུལ་བུན་ཚུར་ལེན་བྱེད་ཚད་མཐོ་རུ་ཕྱིན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]