གཞིས་རྩེར་ཞིང་འབྲོག་པ༣༥༠༠༠སྤོ་བསྒྱུར་ལས་ཞུགས་ཐུབ་སྟེ་ཡོང་འབབ་སྒོར་དུང་ཕྱུར༡.༦ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་པ ༣༥༠༠༠ སྤོ་བསྒྱུར་ལས་ཞུགས་ཐུབ་པ་བྱས་པར་ཡོང་འབབ་སྒོར་དུང་ཕྱུར ༡.༦ ཟིན་ནས་ངལ་ནུས་ཕྱིར་གཏོང་སྤྱིར་ན་བརྟན་པོ་བྱུང་ཡོད། 
ཤེས་རྟོགས་བྱས་པར་གཞིགས་ན།  གཞིས་རྩེ་གྲོང་ཁྱེར་གྱིས་ལས་ཞུགས་བྱེད་སྟངས་ལ་འགྱུར་བ་བཏང་ནས།  སྔ་རྗེས་སུ་ངལ་ནུས་མངགས་གཏོང་ཀུང་སི ༢༨ འཛུགས་རྒྱུར་མཛུབ་ཁྲིད་བྱས་པ་དང་།  གྲོང་ཚོའི་༼ སྡེ་ཁུལ ༽ངལ་ནུས་བར་གྲོས་པ ༡༥༤༧ གསོ་སྐྱོང་བྱས་པ།  ངལ་ནུས་མཉམ་ལས་ཁང་ ༡༣༤ བཙུགས་པ་བཅས་བྱས་ཡོད།  ངལ་ནུས་ཕྱིར་གཏོང་ཚོགས་ཆུང་གི་ཙུའུ་ཀྲང་དང་ངལ་ནུས་བར་གྲོས་པ།  ངལ་ནུས་མངགས་གཏོང་ཀུང་སི་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་ཧུར་ཐག་སྤྱད་དེ་ལས་གནས་བསྡུ་རུབ་བྱས་པ་མ་ཟད།  ངལ་ནུས་གདན་ཞུའི་བྱེད་སྒོ་ཐེངས ༦ གཉེར་ཏེ་ལས་གནས ༡༡༨༥ མཁོ་འདོན་ཡང་བྱས་པ་རེད། 
གཞན་ཡང་།  གཞིས་རྩེ་གྲོང་ཁྱེར་ནས་ངལ་ནུས་བེད་སྤྱོད་རྩ་འཛུགས་ཅན་གྱི་ལས་ཀར་མུ་མཐུད་སྐུལ་འདེད་བཏང་བ་དང་།  ངལ་ནུས་མཁོ་སྤྲོད་ཀྱི་སྦྲེལ་ཟམ་བསྐྲུན་ནས་ངལ་ནུས་ཐོན་ཁུངས་བེད་སྤྱོད་གང་ལེགས་ཐུབ་པ་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]