བསྟན་ཁོས་དམངས་གཉེར་ཁེ་ལས་དང་ཚོང་ཚོཌ་ལས་དོན་གྱི་བཞུཌ་མོལ་ཚོཌ་འདུའི་ཐོག་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༩ ཉིན།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོས་རུ་སྣེ་ཁྲིད་དེ་བོད་ལྗོངས་ཐན་ཡིའུ་ཏེ་ནས་ཆང་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སི་དང་།  བོད་སྐོར་དཀྱིལ་འཁོར་དམངས་གཉེར་ཁེ་ལས་སུ་བརྟག་ཞིབ་གནང་བར་ཕེབས་ཏེ།  ས་གནས་ས་ཐོག་ཏུ་ཁེ་ལས་འཕེལ་རྒྱས་གཉེར་སྐྱོང་དང་སྲིད་ཇུས་དོན་འཁྱོལ་གནས་ཚུལ་མཁྱེན་རྟོགས་གནང་རྗེས།  དམངས་གཉེར་ཁེ་ལས་དང་ཚོང་ཚོཌ་ལས་དོན་སྐོར་གྱི་ལྗོངས་ཏང་ཨུད་འཐབ་ཕྱོཌ་གཅིག་གྱུར་པུའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

བསྟན་ཁོས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ཚོང་ཚོགས་དེ་དཔལ་འབྱོར་འཛུགས་སྐྱོང་འཐབ་ཕྱོགས་དང་པོའི་གཞི་རིམ་རྩ་འཛུགས་ཡིན་པའི་ངོས་ནས།  ཐེངས་འདིའི་བསྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་གོ་སྐབས་ཡག་པོ་བཟུང་སྟེ།  ཚད་གནས་ཡང་དག་འཚོལ་བ་དང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།  འགན་ནུས་སྒྲུབ་པ་བཅས་བྱས་ཏེ།  ཏང་ཀྲུང་དབྱང་གི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གལ་ཆེན་རྣམས་དམངས་གཉེར་དཔལ་འབྱོར་ཁྱབ་ཁོངས་སུ་ལག་བསྟར་དོན་འཁྱོལ་ཡོང་བ་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད། 
བསྟན་ཁོས་རིམ་ཁག་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་པས།  ཏང་སྲིད་ཀྱི་འབྲེལ་ཡོད་ཚན་པར་རང་འགན་རང་སྒྲུབ་དང་རོགས་ལས་དམ་ཟབ།  ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་པའི་ལས་ཀའི་ལམ་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་།  སྲིད་ཇུས་གསལ་འགྲེལ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་ཡག་པོ་སྒྲུབ་ནས།  སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་ཁྱབ་ཁོངས་ཀྱི་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]