ལྗོངས་ནོར་སྲིད་ནས་ད་ལོའི་དབུལ་གྲོལ་ཐད་གཏོང་གྲོན་སྒོར་དུང་ཕྱུར་གཅིག་ལྷག་ཙམ་གཤམ་སྤྲོད་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས།  སྤྱི་ལོ ༢༠༡༩ ལོའི་དབུལ་གྲོལ་ལས་འགན་ཁག་ལེགས་སྒྲུབ་ཐུབ་པ་བྱ་ཆེད།  རང་ལྗོངས་ཀྱིས་ཤིན་ཏུ་དབུལ་བའི་ཁུལ་གྱི་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་པར་འགྲེམས་བྱེད་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བརྡ་ཐོ་གཤམ་སྤེལ་བྱས་ཡོད།

བརྡ་ཐོ་དེར་གཞིགས་ནས་རང་ལྗོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽ཁག་གིས་དབུལ་ཕོངས་གྲོང་ཚོའི་མི་ཕྱུགས་ཀྱི་འཐུང་ཆུའི་ལས་གཞི་སྲ་བརྟན་མཐོར་གཏོང་བྱེད་རྒྱུ་དང་གྲོང་གསེབ་ཀྱི་ཉེན་ཁ་ཡོད་པའི་ཁང་པ་སྒྱུར་བཟོ་བྱེད་རྒྱུ།  གྲོང་གསེབ་ཀྱི་གཞུང་ལམ་དང་ཞིང་ལས་ཐོན་སྐྱེད་གོང་འཕེལ་ཀྱི་དགོས་མཁོ་བསྐོང་རྒྱུ་བཅས་ཀྱི་ལས་དོན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་ཆེད།  ཉེ་དུས་རང་སྐྱོང་ལྗོངས་ནོར་སྲིད་ནས་གྲོང་གསེབ་ཕྱོགས་བསྡུས་བསྒྱུར་བཅོས་ཐད་ཀྱི་སྤོ་སྒྱུར་གཏོང་སྤྲོད་ཀྱི་མ་དངུལ་སྒོར་ཁྲི་ཚོ ༦༡༥༩ དང་གྲོང་གསེབ་ཀྱི་ཉེན་ཁ་ཡོད་པའི་ཁང་པ་སྒྱུར་བཟོའི་མ་དངུལ་སྒོར་ཁྲི་ཚོ ༢༦༣༤ རྒུད་གསབ་ལས་སྤྲོད་ཀྱི་དཔེ་སྟོན་ལས་གཞིའི་ཀྲུང་དབྱང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མ་འཇོག་སྔོན་རྩིས་སྒོར་ཁྲི་ཚོ་ལྔ་སྟོང་བཅས་གཤམ་སྤྲོད་བྱས་ཡོད་པ་རེད། །

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]