ལོ་སྟོད་དུ་རང་ལྗོངས་མཐའ་མཚམས་གྲོང་མིའི་དངོས་ཟོག་བརྗེ་རེས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་ཁྲི༡༦༦༨.༧ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ལོ་སྟོད་དུ།  རང་ལྗོངས་མཐའ་མཚམས་གྲོང་མིའི་དངོས་ཟོག་བརྗེ་རེས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་ཁྲི་ཚོ ༡༦༦༨ ལྷག་ཙམ་ཟིན་ནས་ན་ནིང་གི་དུས་མཚུངས་པ་ལས་བརྒྱ་ཆ ༤.༦ འཕར་ཡོད།

སྤྱི་ལོ ༢༠༡༨ ལོར་རང་ལྗོངས་ནས་གྲོ་མོ་དང་སྐྱིད་རོང་།  སྤུ་ཧྲེང་བཅས་ཀྱི་མཐའ་མཚམས་གྲོང་མིས་ཚོང་ར་གཉེར་ཁུལ་འཛུགས་རྒྱུར་ཆོག་མཆན་སྤྲད་ཚུན།  འགག་སྒོ་ཁག་གི་མཐའ་མཚམས་གྲོང་མིའི་ཁྲོམ་ར་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་དུ་འགྱུར་ཚད་སྔར་བས་མགྱོགས་སུ་ཕྱིན་པ་རེད།  ལོ་སྟོད་དུ་སྤུ་ཧྲེང་འགག་སྒོའི་མཐའ་མཚམས་གྲོང་མིའི་དངོས་ཟོག་བརྗེ་རེས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་ཁྲི་ཚོ ༡༧༨ ལྷག་ཙམ་ཟིན་པ་དང་།  གྲོ་མོ་སྣ་ཐོད་ལའི་མཐའ་མཚམས་ཉོ་ཚོང་བགྲོད་ལམ་གྱི་མཐའ་མཚམས་གྲོང་མིའི་དངོས་ཟོག་བརྗེ་རེས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་ཁྲི་ཚོ ༣༢༤ ལྷག་ཙམ་ཟིན་པ།  སྐྱིད་རོང་འགག་སྒོའི་མཐའ་མཚམས་གྲོང་མིའི་དངོས་ཟོག་བརྗེ་རེས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་ཁྲི་ཚོ ༡༡༦༥ ལྷག་ཙམ་ཟིན་པ་བཅས་བྱུང་བ་དང་།  ལྷ་ས་འགག་སྒོས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱ་ཐབས་བརྒྱུད།  མཐའ་མཚམས་གྲོང་མིའི་དངོས་ཟོག་བརྗེ་རེས་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་།  ཏང་འཛུགས་དང་མཐའ་མཚམས་ཉོ་ཚོང་ཟུང་འབྲེལ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་མཐའ་མཚམས་གྲོང་མི་མང་པོ་མཐའ་མཚམས་ཁྲོམ་རའི་ཉོ་ཚོང་ནང་ཞུགས་རྒྱུར་སྐུལ་ལྕག་བཏང་བ་དང་ཁྲིད་སྟོན་བྱས་ཡོད།

ཉེ་བའི་ལོའི་ནང་།  རང་ལྗོངས་ཀྱི་མཐའ་མཚམས་གྲོང་མིའི་དངོས་ཟོག་བརྗེ་རེས་རིམ་བཞིན་འཁྲུག་ཏུ་ཕྱིན་པ་དང་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་ཏེ།  རྒྱུད་གཅིག་ལམ་གཅིག་འཛུགས་སྐྱོང་དང་ཨེ་ཤི་ཡ་ལྷོ་མར་ཕྱོགས་པའི་བོད་ཀྱི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་འཛུགས་སྐྱོང་སོགས་ཐད་ནུས་པ་གལ་ཆེན་ཐོན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]