ད་ལོའི་ལོ་སྟོད་དུ་ཆབ་མདོའི་དཔལ་འབྱོར་སྤྱི་ཡོངས་བརྟན་པོ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལོ་སྟོད་དུ་ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱི་ཡོངས་བརྟན་པོ་དང་འཕེལ་ཕྱོགས་བཟང་བའི་རྣམ་པ་ཐོན་ཡོད།  རགས་རྩིས་བྱས་པར་གཞིགས་ན།  ལོ་སྟོད་དུ་གྲོང་ཁྱེར་དེ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༨༤.༤༩ དང་ཁྲལ་འབབ་སྒོར་དུང་ཕྱུར ༡༤.༨༢  སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར ༣༡ བཅས་ཟིན་ཡོད།  སྤྱི་ལོ ༢༠༡༩ ལོའི་ཚུན་དུ།  ཆབ་མདོ་གྲོང་ཁྱེར་གྱིས་དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་གྲོང་ཁྱེར་དེ་ཡོངས་ཀྱི་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས ༢༦༨ ཀྱི་ཁང་པ་ཚང་མ་སྐྲུན་ཟིན་པའི་ནང་ནས་བཀོད་སྒྲིག་ས་ཚིགས ༢༦༠ ཡི་གནས་སྤོས་ལས་དོན་ལེགས་སྒྲུབ་ཟིན་པ་དང་།  ས་ངན་ཁུལ་གྱི་མང་ཚོགས་གྲོང་ཁྱེར་སྒྲོལ་ཏེ་སྤྱི་ཡོངས་གནས་སྤོའི་དབུལ་སྐྱོར་བདེ་བླག་བྱུང་ནས་དུད་ཚང་ ༢༤༩ ཡི་མི ༢༦༣༩ ལྷ་ས་གྲོང་ཁྱེར་དུ་གནས་སྤོ་བྱས་པ་དང་།  དུད་ཚང་ ༢༠༦ གི་མི ༡༢༧༡ ཉིང་ཁྲི་གྲོང་ཁྱེར་དུ་གནས་སྤོ་བྱས་པ།  ཐོན་ལས་རྣམ་གྲངས ༥༦ ལས་འགོ་བཙུགས་པར་མ་དངུལ་སྒོར་དུང་ཕྱུར ༡.༩༥ བཏང་བ་བཅས་རེད།

ད་ལོའི་སྤྱི་ཟླ ༦ པའི་ཟླ་མཇུག་བར།  ཆབ་མདོ་གྲོང་ཁྱེར་གྱིས་རིགས་ཁག་གི་ལས་མི་བསྡུ་བའི་བྱེད་སྒོ་ཐེངས ༡༨ སྤེལ་ནས་སྔ་ཕྱི་བསྡོམས་ལས་ཞུགས་ལས་གནས ༥༣༧༠ གསར་སྤེལ་བྱས་པས།  གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ལས་ཞུགས་ཐུབ་ཚད་མི ༢༤༦༡ ཟིན་པ་དང་ལས་ཤོར་ཐོ་འགོད་བྱེད་ཚད་བརྒྱ་ཆ ༢.༤ ཡི་ནང་ཚུན་དུ་ཚོད་འཛིན་ཐུབ་པ་མ་ཟད།  ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི ༡༠.༢ གནས་འགྱུར་ལས་ཞུགས་ཀྱང་ཐུབ་སྟེ་ཡོང་འབབ་སྒོར་དུང་ཕྱུར ༣.༣ ཟིན་ཡོད།  ཐོན་ལས་གོང་འཕེལ་ཐད།  ཆབ་མདོ་གྲོང་ཁྱེར་གྱི་ཞིང་ལས་དང་ནགས་ལས།  འབྲོག་ལས།  ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༩.༣༡ ཟིན་པ་དང་།  གྲོང་ཁྱེར་དེ་ཡོངས་ཀྱི་ཤང་དང་ཤང་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༡༤.༨ ཟིན་པ།  ཡུལ་སྐོར་ཐོན་ལས་ཁུལ་ཁོངས་ཡོངས་ལ་འཕེལ་རྒྱས་བྱུང་སྟེ།  གྲོང་ཁྱེར་དེ་ཡོངས་ཀྱིས་ལོ་སྟོད་དུ་རིགས་ཁག་གི་ཡུལ་སྐོར་བ་མི་ཐེངས་ཁྲི ༡༠.༣༥ ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར ༩.༠༥ བྱུང་ཡོད།

ད་ལོའི་ཚུན་དུ།  ཆབ་མདོ་གྲོང་ཁྱེར་གྱི་དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་རྒྱུན་མཐུད་ལེགས་པོ་བྱུང་ཡོད།  ད་ལོའི་སྤྱི་ཟླ ༦ པའི་ཟླ་མཇུག་བར།  གྲོང་ཁྱེར་དེ་ཡོངས་ཀྱི་རིགས་ཁག་གི་ཁྲོམ་རའི་ཚོང་དུད་ཁྲི ༣.༡ ལྷག་ཙམ་ཟིན་ནས།  མ་དངུལ་ཐོ་འགོད་བྱེད་ཚད་སྒོར་དུང་ཕྱུར ༧༥༨.༤༩ ཟིན་པ་དང་།  གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ཚོང་དུད་ཁྲི ༣ ལྷག་ཙམ་ཟིན་ནས་མ་དངུལ་ཐོ་འགོད་བྱེད་ཚད་སྒོར་དུང་ཕྱུར ༥༦༢.༢༧ ཟིན་པ།  སྔ་ཕྱི་བསྡོམས་ཚོང་འགུག་མ་འདྲེན་བྱེད་ཚད་སྒོར་དུང་ཕྱུར ༢༢.༣༤ ཟིན་ནས་འབྱུང་འཕྲོད་བཟོ་ལས་དང་དེང་རབས་ཞབས་ཞུ་ལས་རིགས་སོགས་ཐོན་ལས་ཚུད་པའི་རྣམ་གྲངས་གསར་པ ༡༥ ལག་བསྟར་བྱེད་བཞིན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]