རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་གྱི་ད་ལོའི་གཅིག་གྱུར་འཆར་འགོད་ཀྱི་རུབ་བསྡུས་མ་དངུལ་སྒོར་དུང་ཕྱུར༡༥༣ཚང་མ་སྤྲད་ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-25

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་།  དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་བྱ་སྤྱོད་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ།  སྤྱི་ལོ ༢༠༡༩ ལོར་དབུལ་གྲོལ་འགག་སྒྲོལ་གྱི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་ཐུབ་པ་བྱ་ཆེད།  རང་སྐྱོང་ལྗོངས་ནོར་སྲིད་ནས་ཉེ་དུས་སླར་ཡང་སྤྱི་ལོ ༢༠༡༩ ལོའི་དབུལ་གྲོལ་འགག་སྒྲོལ་གྱི་གཅིག་གྱུར་འཆར་འགོད་ཀྱི་རུབ་བསྡུས་མ་དངུལ་ནས་སྒོར་ཁྲི ༢༥༤༢ སྤྲད་ཡོད།  དེའི་ནང་ཀྲུང་དབྱང་ནོར་སྲིད་ནས་སྤྲད་པའི་ཆུ་བེད་གོང་འཕེལ་གྱི་མ་དངུལ་སྒོར་ཁྲི ༧༨༤ དང་དབུལ་གྲོལ་འགག་སྒྲོལ་གྱི་གཅིག་གྱུར་འཆར་འགོད་ཀྱི་རུབ་བསྡུས་མ་དངུལ་སྒོར་ཁྲི ༡༧༥༨ ཚུད་ཡོད།  དེ་དག་གཙོ་གནད་ཐོག་གྲོང་གསེབ་ཀྱི་མི་ཕྱུགས་འཐུང་ཆུ་དང་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་སོགས་ཚུད་པའི་ཤིན་ཏུ་དབུལ་བའི་རྫོང་༼ཆུས༽དང་གྲོང་ཚོའི་ཞིང་ལས་ཐོན་སྐྱེད་གོང་འཕེལ་དང་།  གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་བྱེད་པའི་ཐད་སྤྱོད་རྒྱུ་རེད།  དེའི་བར་སྤྱི་ལོ ༢༠༡༩ ལོའི་རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་གྱི་གཅིག་གྱུར་འཆར་འགོད་ཀྱི་རུབ་བསྡུས་མ་དངུལ་སྒོར་དུང་ཕྱུར ༡༥༣ ཚང་མ་གཤམ་སྤྲོད་བྱས་ཟིན་པ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]