ལྗོངས་ཡོངས་ཀྱི་ད་ལོའི་ལོ་སྟོད་ཀྱི་དཔལ་འབྱོར་དངུལ་རྩའི་འཁོར་རྒྱུཌ་དབྱེ་ཞིབ་ཚོཌ་འདུ་ལྷ་སར་འཚོཌ།

ཡོང་ཁུངས།          རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  སྤྱི་ལོ ༢༠༡༩ ལོའི་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་དངུལ་རྩའི་འཁོར་རྒྱུགས་དབྱེ་ཞིབ་ཚོགས་འདུ་ལྷ་སར་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ནོར་བུ་དོན་གྲུབ་ནས།  ལྗོངས་ཡོངས་ཀྱི་དཔལ་འབྱོར་དངུལ་རྩ་དང་དངུལ་ཁང་ལས་རིགས།  འགན་བཅོལ་ལས་རིགས།  འཛིན་ལོར་ལས་རིགས་བཅས་ཀྱི་ཁོར་རྒྱུགས་དང་ས་གནས་དངུལ་རྩའི་ལྟ་འདོམས་ལས་ཀའི་གནས་ཚུལ་སྙན་ཞུ་གསན་པ་མ་ཟད།  ལོ་སྟོད་དུ་རང་ལྗོངས་ཀྱི་དཔལ་འབྱོར་དངུལ་རྩ་ཁོར་རྒྱུགས་བྱས་ཚུལ་ལ་གདེང་འཇོག་མཐོ་པོ་གནང་བ་རེད།

ནོར་བུ་དོན་གྲུབ་ནས།  གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཚོགས་ཚུན་བོད་ཀྱི་དངུལ་རྩའི་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་དང་ལེགས་སྒྲུབ་ཉམས་མྱོང་ལ་དབྱེ་ཞིབ་དང་ཕྱོགས་བསྡོམས་བྱེད་དགོས་ལ།  ཀྲུང་དབྱང་གི་འཐབ་ཇུས་དགོངས་པ་དང་འཚམས་ལ་བོད་ཀྱི་ཞིབ་ཕྲའི་དོན་དངོས་དང་ཡང་མཐུན་པའི་དངུལ་རྩའི་ཐད་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཞིབ་འཇུག་བྱས་ནས་གྲོས་འགོ་བཏོན་དགོས་པ་དང་།  དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་དང་གཙོ་གནད་རྣམ་གྲངས།  ཁེ་ལས་འབྲིང་ཆུང་གོང་འཕེལ།  ལས་ཞུགས་ལས་གཏོད་སོགས་ཐད་དངུལ་རྩའི་ཞབས་ཞུ་གནད་འཕིགས་མཁོ་འདོན་བྱེད་དགོས་པ།  དངུལ་རྩའི་ཞབས་ཞུ་བྱེད་སྟངས་དང་དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་ཏེ་དངུལ་རྩའི་ཁྱབ་ཁོངས་ཀྱི་གློད་འདོམས་ཞབས་གསུམ་གྱི་བསྒྱུར་བཅོས་ལ་སྐུལ་སྤེལ་བརྟན་པོ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]