ལོ་སྟོད་དུ་རང་ལྗོངས་སུ་དངུལ་རྩས་དངོས་གཞིའི་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་ཆེ་རུ་ཕྱིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ལོ་སྟོད་དུ།  མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་གིས་དངོས་གཞིའི་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པ་དང་དངུལ་རྩའི་ཉེན་ཁ་འགོག་སེལ་བྱེད་པ།  དངུལ་རྩའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ལས་འགན་ཆེ་མོ་གསུམ་ལ་གཞིགས་ནས།  བརྟན་འཁྱོངས་ཀྱི་དངུལ་ལོར་སྲིད་ཇུས་དང་ཀྲུང་དབྱང་ནས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་བཟུང་བས།  ལྗོངས་ཡོངས་ཀྱི་དངུལ་རྩ་འཁོར་རྒྱུག་སྤྱིར་ན་བརྟན་པོ་བྱུང་བ་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་ལྡན་ཐུབ་ནས།  དངུལ་རྩས་དངོས་གཞིའི་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་ཆེ་རུ་བརྟན་པོ་ཕྱིན་ཡོད།

སྤྱི་ཟླ་དྲུག་པའི་ཟླ་མཇུག་བར།  བོད་ཀྱི་སྤྱི་ཚོགས་མ་རྩ་བསྡུ་རྒྱུགས་བྱེད་ཚད་སྒོར་དུང་ཕྱུར ༦༠༠༠ ཙམ་ཟིན་པ་དང་དངུལ་རྩ་ལས་ཁུངས་ཀྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་སྒོར་དུང་ཕྱུར ༤༦༤༦ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༥.༧ འཕར་ནས།  དངོས་གཞིའི་དཔལ་འབྱོར་གོང་འཕེལ་ཐད་མཁོ་བའི་མ་རྩའི་དགོས་མཁོ་སྤྱིར་ན་བསྐངས་ཐུབ་པ་བྱུང་བ་དང་།  ཀུན་ཕན་དངུལ་རྩའི་ཁྱབ་ཁོངས་ཀྱི་དངུལ་བུན་སྒོར་དུང་ཕྱུར ༣༢༩ ཟིན་ཡོད་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༤༠ འཕར་བ།  ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་སྒོར་དུང་ཕྱུར ༡༠༤༩ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༢༦ འཕར་བ།  ཞིང་དུད་ཀྱི་དངུལ་བུན་སྒོར་དུང་ཕྱུར ༢༨༥ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༥ འཕར་བ་བཅས་བྱུང་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་ཚུན་དུ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་གིས་ཁེ་ལས་ཀྱི་དངུལ་ཁང་རྩིས་ཁྲ་ཆོག་འཐུས་འགོད་རྒྱུ་མེད་པ་བཟོ་བའི་ལས་དོན་སྤེལ་བས།  ཁེ་ལས་ཀྱི་དངུལ་ཁང་རྩིས་ཁྲ་ཉིན་དེ་རང་ལ་གཉེར་སྒྲུབ་ཐུབ་པ་བྱུང་བ་དང་།  དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ཚན་པར་ཁེ་ལས་ཆུང་གྲས་ཀྱི་དམིགས་འཛུགས་ཚན་པ་འཛུགས་རྒྱུའི་བླང་བྱ་བཏོན་ནས།  ཀུན་ཕན་དངུལ་རྩའི་ཚན་པ་སྔ་རྗེས་སུ་བཙུགས་པ་དང་ཞིང་གསུམ་བྱ་གཞག་ཚན་པ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]