ད་ལོའི་ཚུན་དུ་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་རྒྱུགས་རྒྱུན་མཐུད་བརྟན་པོ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོའི་ཚུན་དུ།  ལྷོ་ཁ་གྲོང་ཁྱེར་གྱིས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ།  དཔལ་འབྱོར་གྱི་རྒྱུན་རྣམ་གསར་པ་དང་འཚམས་མཐུན་ཧུར་ཐག་ཡོང་བ་བྱས་པས།  གྲོང་ཁྱེར་དེ་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུགས་རྒྱུན་མཐུད་བརྟན་པོ་བྱུང་ཡོད།  ད་ལོའི་ལོ་སྟོད་དུ།  ལྷོ་ཁ་གྲོང་ཁྱེར་གྱི་ས་ཁུལ་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༦༣.༩༡ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༩ འཕར་བ་དང་།  ཞིང་ལས་དང་ནགས་ལས།  འབྲོག་ལས།  ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༤.༦༧ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༦ འཕར་བ།  གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༥༠༣༢ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༢.༣ འཕར་བ་བཅས་ཡིན།

ཤེས་རྟོགས་བྱས་པར་གཞིགས་ན།  ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱིས་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར ༨.༤༩ ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༠.༡༥ འཕར་བ་དང་།  སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར ༧༢.༥༡ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༠.༨ འཕར་ཡོད་ལ།  ཞིང་ལས་དང་ནགས་ལས།  འབྲོག་ལས།  ཉ་ལས་བཅས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༤.༦༧ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༦ འཕར་བ་དང་།  དེ་དག་གི་འཕར་ཐང་སྒོར་དུང་ཕྱུར ༢.༤༡ མངོན་གྱུར་བྱུང་བ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༢.༦ འཕར་བ།  བཟོ་ལས་དཔལ་འབྱོར་རྒྱུན་མཐུད་འཕར་སྣོན་ཅུང་མགྱོགས་པོ་བྱུང་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར ༧.༠༥ མངོན་གྱུར་བྱུང་བ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༤.༢ འཕར་ཞིང་།  གློག་ཤུགས་དང་ཚ་ནུས།  རླངས་འབར།  ཆུ་བཅས་ཀྱི་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས།  གཏེར་ལས་དང་བཟོ་སྐྲུན་ལས་རིགས་བཅས་གཙོ་རྟེན་ཐོན་ལས་ཆེ་མོ་གསུམ་འཕར་སྣོན་བརྟན་པོ་བྱུང་ཡོད།

གཞན་ཡང་།  ད་ལོའི་ལོ་སྟོད་དུ།  ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར༼ གྲོང་རྡལ ༽གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི ༡.༧ ལྷག་ཙམ་ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༢ འཕར་བ་དང་།  གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༥༠༣༢ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༢.༣ འཕར་ཡོད།  ད་ལོའི་སྤྱི་ཟླ ༦ པའི་ཟླ་མཇུག་བར།  གྲོང་ཁྱེར་དེ་ཡོངས་ཀྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར ༣༥༣.༨ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༣.༣ འཕར་བ་དང་།  དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར ༣༡༢.༣ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༦.༡ ཆག་ཡོད་ཅིང་།  འཛད་སྤྱོད་དངོས་པོའི་ཁྲོམ་ར་གོང་འཕེལ་བརྟན་པོ་བྱུང་ནས་སྔ་ཕྱི་བསྡོམས་སྤྱི་ཚོགས་འཛད་སྤྱོད་དངོས་པོ་སིལ་འཚོང་བྱེད་ཚད་སྒོར་དུང་ཕྱུར ༢༣.༣༣ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༤ འཕར་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]