རང་ལྗོངས་ཀྱིས་དབུལ་གྲོལ་གནད་འཕིགས་ཀྱི་འགག་སྒྲོལ་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོ་ནི་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་ལོ་ཞིག་རེད།  དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་བླངས་ཏེ་སྤྱི་ལོ ༢༠༢༠ ལོར་སླེབས་དུས་ལྗོངས་ཡོངས་ཀྱི་དབུལ་ཕོངས་རྫོང་༼ ཆུས ༽༧༤ ཚང་མའི་དབུལ་ཞྭ་ཕུད་ཐུབ་པ་དང་།  དབུལ་ཕོངས་མི་འབོར་ཚང་མ་དབུལ་གྲོལ་ཐུབ་པ་བྱས་ནས་ཁུལ་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཐག་གཅོད་ཐུབ་པ་བྱེད་ཆེད།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཧ་ཅང་ཆེན་པོས་གནད་འཕིགས་དྲུག་དང་ཁག་གཅིག་བྱས་པ་ལྔ།  སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་བཅས་ཀྱི་དམིགས་ཚད་དང་དམ་པོར་བསྟུན་ཏེ།  དབུལ་གྲོལ་གནད་འཕིགས་ཀྱི་འགག་སྒྲོལ་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།

སྤྱི་ལོ ༢༠༡༩ ལོའི་ཚུན་དུ།  ལྗོངས་ཡོངས་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་གྲོལ་འགག་སྒྲོལ་གྱི་དམིགས་ཚད་ལ་དམིགས་ཏེ་མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་།  ཆབ་མདོ་དང་གཞིས་རྩེ།  ནག་ཆུ་བཅས་གྲོང་ཁྱེར་དང་ཤིན་ཏུ་དབུལ་བའི་རྫོང་༼ ཆུས ༽ལ་མ་དངུལ་སྒོར་དུང་ཕྱུར ༡༢༠ བཀོད་སྒྲིག་བྱས་ནས།  རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ཚན་པའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག ༥༨༡ ཚང་མ་དབུལ་གྲོལ་ཁག་ཤོས་ཀྱི་དབུལ་ཕོངས་གྲོང་ཚོར་བཀོད་སྒྲིག་བྱས་ཐོག  མཉམ་སྡེབ་དཔལ་འབྱོར ༢༣༠༢ དང་མཉམ་ལས་རྩ་འཛུགས ༢༤༥༢ འཛུགས་རོགས་བྱས་ཡོད།

ཉེ་བའི་ལོའི་རིང་།  རང་ལྗོངས་ཀྱིས་ཐོན་ལས་དབུལ་སྐྱོར་དེ་དབུལ་གྲོལ་བརྟན་པོ་དང་རྒྱུན་མཐུད་འབབ་འཕར་ཡོང་བའི་འགོ་འཛུགས་ས་གལ་ཆེན་ཞིག་ལ་རྩིས་ཏེ།  ལེགས་ཆའི་ཐོན་ཁུངས་དང་གསར་གཏོད་གོང་འཕེལ་གཏོང་སྟངས་ལ་གཞི་ཚུགས་ནས་ཁྱད་ལྡན་དབུལ་སྐྱོར་ཐོན་ལས་གོང་འཕེལ་མགྱོགས་པོ་བཏང་སྟེ།  གཙོ་གནད་ཐོག་ནས་དང་འབྲི་གཡག་སོགས་ཀྱི་ཐོན་ལས་བཏོད་དེ་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་གོང་འཕེལ་ཤུགས་ཆེ་བཏང་བ་དང་།  ཐོན་ལས་བྱེད་ནུས་རྒྱ་སྐྱེད་བཏང་ཐོག་གྲོང་གསེབ་ཡུལ་སྐོར་དང་ཚོང་དོན་སོགས་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པར་སྐུལ་འདེད་བཏང་བ་མ་ཟད།  ཐོན་ལས་དང་པོ་དང་གཉིས་པ།  གསུམ་པ་བཅས་མཉམ་འདྲེས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད།  ད་ལོའི་སྤྱི་ཟླ ༦ པའི་ཟླ་མཇུག་བར།  ལྗོངས་ཡོངས་ཀྱིས་སྔ་ཕྱི་བསྡོམས་ཐོན་ལས་དབུལ་སྐྱོར་རྣམ་གྲངས ༢༤༨༡ ལས་འགོ་བཙུགས་ནས་འཆར་འགོད་རྣམ་གྲངས་ཀྱིས་སྤྱི་འབོར་གྱི་བརྒྱ་ཆ ༨༢ བཟུང་ཡོད་པ་དང་།  སྔ་ཕྱི་བསྡོམས་མ་དངུལ་སྒོར་དུང་ཕྱུར ༣༣༦ གནས་ཐོག་ཏུ་སླེབས་ཏེ་མ་དངུལ་སྒོར་དུང་ཕྱུར ༢༧༥ བཏང་ཟིན་ནས་ལྗོངས་ཡོངས་སུ་སྔ་ཕྱི་བསྡོམས་ཐོན་ལས་དབུལ་སྐྱོར་བརྒྱུད་དེ་མི་གྲངས་ཁྲི ༢༢ དབུལ་གྲོལ་བྱུང་ཡོད།  ད་བར།  བོད་ལ་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས ༡༤༤ ཟིན་པ་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ ༨༣༦༤ ཡོད་ཅིང་།  ནས་ལས་སྣོན་གྱི་ལོའི་ཐོན་སྐྱེད་བྱེད་ཚད་ཀྲོན ༡༠༠ ལས་བརྒལ་བའི་ལས་སྣོན་ཁེ་ལས ༣༩ ཟིན་པ་དང་།  གྲོང་ཁྱེར༼ ས་ཁུལ ༽དྲུག་གི་རྫོང་ ༢༡ ཏུ་འབྲི་གཡག་རྒྱགས་གསོའི་རྟེན་གཞི་བཙུགས་ཏེ་འབྲི་གཡག་དུས་ཐུང་རྒྱགས་གསོའི་ལས་དོན་སྤེལ་ཡོད།

རང་ལྗོངས་ཀྱིས་ཁེ་ལས་དང་དབུལ་ཕོངས་མི་འབོར་ཟུང་འབྲེལ་དང་།  ཁེ་ལས་དང་དབུལ་ཕོངས་མི་འབོར།  སྦྱོང་བརྡར་ཚན་པ་བཅས་ཟུང་འབྲེལ་སོགས་ཀྱི་མངག་ཐོའི་རྣམ་པ་དང་གནས་གཏན་འཁེལ་རྣམ་པའི་སྦྱོང་བརྡར་ཐབས་ལམ་བཟུང་ནས་ལས་ཞུགས་ཐུབ་ཚད་མཐོ་རུ་ཧུར་ཐག་བཏང་ཡོད་པ་དང་།  ད་ལོའི་སྤྱི་ཟླ ༦ པའི་ཟླ་མཇུག་བར།  ཐོན་ལས་དང་རྣམ་གྲངས།  ཁེ་ལས་སྐོང་འཐེན་སོགས་ཀྱི་ཐབས་ལམ་བརྒྱུད་སྔ་ཕྱི་བསྡོམས་གནས་འགྱུར་ལས་ཞུགས་ཐུབ་ཚད་མི་གྲངས་ཁྲི ༢.༦༡༠༡ ཟིན་ཡོད།

དབུལ་ཕོངས་ས་ཁུལ་མང་ཚོགས་ཀྱི་འཐུང་ཆུ་དཀོན་པ་དང་འགྲོ་སྐྱོད་ཁག་པ།  གློག་ཁ་ཐང་བ་སོགས་ཀྱི་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ།  རང་ལྗོངས་ཀྱིས་ཆུ་དང་གློག  ལམ།  འཕྲིན་གཏོང་།  དྲ་བ།  སློབ་གསོ།  ཚན་རྩལ།  རིག་གནས།  འཕྲོད་བསྟེན།  འཕྲོད་སྦྱོར་བཅས་མཐོར་གཏོང་བཅུའི་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཡོད།  ད་བར།  ལྗོངས་ཡོངས་ཀྱི་གྲོང་ཚོ ༢༠༠ ལྷག་ཙམ་ལ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་གཏོང་ལས་གཞི་ལག་བསྟར་བྱས་པས།  དབུལ་ཕོངས་མི་འབོར་ཁྲི ༡.༨ ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད་ལ།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ ༨༩༠༠ ལྷག་ཙམ་གྱི་ཉེན་ཁ་ཆེ་བའི་ཁང་པ་ཡང་ཉམས་བཟོ་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]