རང་ལྗོངས་ཀྱིས་ཀྲུང་དབྱང་ནས་བཏོན་པའི་དབུལ་སྐྱོར་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པས་ཉེ་དུས་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་ཚུན་དུ།  རང་ལྗོངས་ཀྱིས་བོད་སྐྱོར་དབུལ་སྐྱོར་རྣམ་གྲངས་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་བྱས་ཏེ།  ཤར་ནུབ་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུ་དང་སྤྱི་ལོ ༢༠༡༧ ལོ་ནས་སྤྱི་ལོ ༢༠༡༨ ལོའི་བར་གྱི་ཤིན་ཏུ་དབུལ་བའི་ཁུལ་གྱི་ཁ་གཏད་བོད་སྐྱོར་དབུལ་སྐྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས།  བོད་སྐྱོར་དབུལ་སྐྱོར་རྣམ་གྲངས ༢༥ ལག་བསྟར་བྱས་པར་སྒོར་དུང་ཕྱུང་ ༦༡.༧༨ དོན་འཁྱོལ་བྱས་ཡོད། 
ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོ་ནས་སྤྱི་ལོ ༢༠༢༠ ལོའི་བར།  ཀྲུང་དབྱང་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱིས་ཤིན་ཏུ་དབུལ་བའི་ཁུལ་དུ་ལོ་ལྟར་དབུལ་གྲོལ་འགག་སྒྲོལ་གྱི་སྐུལ་སྤེལ་ཚོགས་འདུ་ཐེངས་རེ་འཚོགས་རྒྱུ་གསལ་བཏོན་བྱས་ཡོད་པས།  རང་ལྗོངས་ཀྱིས་སྤྱི་ལོ ༢༠༡༦ ལོ་ནས་བཟུང་ཚོགས་འདུ་དེ་རིགས་སྐོང་འཚོགས་བྱེད་ཀྱི་ཡོད།  ད་ལོའི་རང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ཁུལ་གྱི་དབུལ་གྲོལ་འགག་སྒྲོལ་གྱི་སྐུལ་སྤེལ་ཚོགས་འདུ་དང་ཁ་གཏད་བོད་སྐྱོར་དབུལ་སྐྱོར་ལས་དོན་ཚོགས་འདུ་སྤྱི་ཟླ ༦ པའི་ཚེས ༡༧ ཉིན་འཚོགས་ནས་མཆན་འགོད་མ་དངུལ་དུང་ཕྱུར ༡༥༡ ཟིན་པ་དང་།  བོད་སྐྱོར་རྣམ་གྲངས ༢༠༢ ལ་དངོས་སུ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པས་མཆན་འགོད་རྣམ་གྲངས་དང་མ་དངུལ་གཏོང་ཚད་གཉིས་ཀ་འཕར་སྣོན་ཆེན་པོ་བྱུང་ཡོད་ཅིང་།  རྣམ་གྲངས་མཆན་འགོད་བྱེད་པའི་ཐད་དེ་སྔ་ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་གཙོ་བོ་བྱེད་པ་ནས་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར།  འཛད་སྤྱོད་དབུལ་སྐྱོར།  སློབ་གསོའི་དབུལ་སྐྱོར།  བདེ་ཐང་དབུལ་སྐྱོར་སོགས་ཕྱོགས་ཁག་བར་རྒྱ་བསྐྱེད་བྱུང་ཡོད།
ད་ལོའི་ལོ་སྨད་དུ་རང་ལྗོངས་ཀྱིས་བོད་སྐྱོར་དབུལ་སྐྱོར་རྣམ་གྲངས་དོན་འཁྱོལ་ལས་ཀར་རྒྱུན་མཐུད་སྐུལ་སྤེལ་གཏོང་རྒྱུ་དང་།  རོང་སའི་ནས་དང་འབྲི་གཡག་དཔལ་འབྱོར་ཐོན་ལས་འཆར་འགོད་ལག་བསྟར་དོན་འཁྱོལ་ལ་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ་མ་ཟད།  གཙོ་གནད་ཐོག་འབྲི་གཡག་གི་ཁྱད་ལྡན་ཐོན་ལས་དང་དེང་རབས་ཞིང་ལས།  སྐྱེ་ཁམས་ཡུལ་སྐོར་ཐོན་ལས་བཅས་ཀྱིས་གཙོ་བོ་བྱེད་པའི་རོང་སའི་དཔལ་འབྱོར་ཁུལ་གོང་འཕེལ་བཏང་སྟེ།  ལོ་མཇུག་གོང་རང་ལྗོངས་ཀྱི་དོན་དངོས་དང་འཚམས་པའི་ནས་དང་འབྲི་གཡག་ཐོན་ལས་དང་རོང་སའི་དཔལ་འབྱོར་གོང་འཕེལ་དང་འཚམས་པའི་འཆར་འགོད་བཟོ་སྒྲིག་ཟིན་པ་བྱེད་རྒྱུ་རེད། 
དབུལ་གྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན།  རང་ལྗོངས་ཀྱི་དབུལ་ཕོངས་མི་འབོར་ཁྲི་ཚོ ༥༩ ནས་ཁྲི་ཚོ ༡༥ བར་ཉུང་དུ་ཕྱིན་ཡོད་པ་དང་།  དབུལ་ཕོངས་རྫོང་༼ཆུས༽༧༤ ནས ༡༩ བར་ཉུང་དུ་ཕྱིན་ཏེ་དབུལ་ཞྭ་ཕུད་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།  དབུལ་པོར་གྱུར་ཚད་བརྒྱ་ཆ ༢༥.༢ ནས་བརྒྱ་ཆ ༥.༦ བར་དམའ་རུ་ཕྱིན་པ་བཅས་བྱུང་ཡོད་པ་དང་།  རང་ལྗོངས་ཀྱིས་ད་ལོའི་ནང་དབུལ་པོ་དབུལ་རྐྱང་མེད་པ་བཟོ་རྒྱུ་དང་ལྷག་འཕྲོས་དབུལ་ཕོངས་བ་ཁྲི་ཚོ ༡༥ ཚང་མ་དབུལ་གྲོལ་ཐུབ་པ།  དབུལ་ཕོངས་རྫོང་༼ཆུས༽༡༩ ཚང་མ་དབུལ་ཞྭ་ཕུད་ཐུབ་པ་བཅས་བྱས་ཏེ།  སྤྱི་ལོ ༢༠༢༠ ལོར་དབུལ་གྲོལ་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་མཐོར་གཏོང་བྱས་ནས་དབུལ་ཕོངས་རྫོང་གོ་རིམ་ལྡན་པའི་ངང་དབུལ་གྲོལ་ཐུབ་པ་བྱེད་དགོས་རྒྱུ་བཏོན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]