གསེར་རྙེད་ཆུས་ཀྱིས་འབྲོག་ལས་ཐོན་ལས་འཁོར་སྦྲེལ་ལེཌ་སྒྲིག་བྱས་ཏེ་དབུལ་སྒྲོལ་ཡོང་བ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-21

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་ཐོན་ལས་གོང་འཕེལ་གཏོང་རྒྱུ་དེ་འབྲོག་ཁུལ་དབུལ་གྲོལ་དང་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ལ་རྩིས་ཏེ།  འབྲོག་ལས་ཐོན་ལས་གོང་འཕེལ་ལ་དམ་འཛིན་ནན་པོ་བྱས་པ་བརྒྱུད།  དེང་སྐབས་གསེར་རྙེད་ཆུས་ཀྱི་དབུལ་སྐྱོར་ཐོན་ལས་རྣམ་གྲངས ༤༤ ཚང་མ་ལས་འགོ་འཛུགས་ཐུབ་པ་བྱུང་བ་རེད།  གསེར་རྙེད་ཆུས་ཀྱིས་འབྲོག་ཁུལ་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཁྲོད།  གྲོང་ཚོ་རེར་མཉམ་ལས་ཁང་རེས་གཙོ་བོ་བྱེད་པའི་འབྲོག་ལས་ཐོན་ལས་འཁོར་སྦྲེལ་སྐྲུན་མགྱོགས་སུ་བཏང་སྟེ་ཁྱད་ལྡན་འབྲོག་ལས་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ་རེད།  ད་ལོ་གསེར་རྙེད་ཆུས་ཀྱིས་ད་དུང་ཤང་༼ གྲོང་རྡལ ༽ཁག་ཏུ་ཤང་རེར་མཉམ་ལས་ཁང་རེ་དང་ཤང་རེར་སྤུས་རྟགས་རེ་ཡོད་པ་བྱེད་པ་དང་།  ཤང་༼ གྲོང་རྡལ ༽ཁག་ནས་རང་སྐྲུན་རྣམ་གྲངས་ཀྱི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཛུགས་རྒྱུར་མཛུབ་ཁྲིད་བྱས་ནས།  ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཚང་མ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ལ་ཁྱབ་པ་བྱས་པ་དང་ཆབས་ཅིག  ཁེ་ཕན་མཉམ་འབྲེལ་ལམ་སྲོལ་དོན་འཁྱོལ་གྱི་རྗེས་འདེད་དང་བསྡོམས་རྩིས།  ལག་བསྟར།  ཐོན་ལས་སྐུལ་ཁྲིད་བྱེད་ཚུལ་བཅས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་།  དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་ནང་དོན་ཚད་ལྡན་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཐོན་ལས་ཀྱི་ཕན་འབྲས་ཐོན་ཐུབ་པ་བྱས་ཡོད།  ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཁུལ་གྱི་ལས་གནས་དགོས་མཁོར་གཞིགས་ཏེ་ལས་ཞུགས་སྤོ་བསྒྱུར་ཚོགས་ཆུང་དང་སྦྲེལ་མཐུད་བྱས་ནས།  ལས་གནས་དགོས་མཁོའི་མི་གྲངས་གཏན་འཁེལ་བྱས་པ་མ་ཟད།  ཐོན་ལས་ཚོགས་ཆུང་དེས་ཤང་༼ གྲོང་རྡལ ༽ ཁག་དང་མཉམ་ལས་ཁང་དབར་དབུལ་ཕོངས་དུད་ཚང་གི་ལས་ཞུགས་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]