ཡར་ཀླུང་རིག་གནས་དུས་ཆེན་ཐོག་ཚོང་འགུཌ་མ་འདྲེན་གྱི་གན་འཇོག་རྣམ་གྲངས༢༣ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་བསྟུད་མར།  ད་ལོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་བྱེད་སྒོ་ཁག་ཚ་ཚ་འུར་འུར་ངང་སྤེལ་བ་དང་།  ལྷོ་ཁ་གྲོང་ཁྱེར་གྱིས་གོ་སྐབས་དམ་འཛིན་ངང་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་བྱེད་སྒོ་སྒྲིག་འཛུགས་བྱས་པར་ལྗོངས་ཕྱི་ནང་གི་ཁེ་ལས ༡༩༨ ཀྱི་འཐུས་མི ༣༢༩ བྱེད་སྒོར་ཞུགས་ཏེ།  རྣམ་གྲངས ༢༣ ལ་མིང་རྟགས་བཀོད་ཡོད་པ་དང་གྲོས་མཐུན་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར ༥༩ ལྷག་ཙམ་ཟིན་ཡོད། 
ཐེངས་འདིའི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་བྱེད་སྒོ་དེ་ཧོ་པེ་དང་ཧོ་ནན།  ཨན་ཧུའེ་བཅས་ཞིང་ཆེན་གསུམ་གྱིས་རྒྱབ་སྐྱོར་འོག་རྣམ་གྲངས་ཀྱི་སྤུས་ཚད་དང་གྲངས་ཚད།  ཐོན་ལས་རིགས་སོགས་ཀྱི་ཐད་ལོ་གོང་མ་ལས་ཡར་རྒྱས་བྱུང་ཡོད་པ་དང་།  མཆན་བཀོད་རྣམ་གྲངས་དེ་རིག་གནས་ཡུལ་སྐོར་དང་འཛུགས་སྐྲུན་རྒྱུ་ཆ།  འབྱུང་འཕྲོད་བཟའ་བཅའ།  དེང་རབས་ཞིང་འབྲོག་ལས།  སྐྱེ་དངོས་སྨན་བཟོ།  དྭངས་གཙང་ནུས་རྒྱུ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་དང་།  དེའི་ནང་ཞིང་འབྲོག་ལས་རྣམ་གྲངས་ཀྱིས་སྤྱི་འབོར་གྱི་བརྒྱ་ཆ ༣༢ དང་རིག་གནས་ཡུལ་སྐོར་རྣམ་གྲངས་ཀྱིས་སྤྱི་འབོར་གྱི་བརྒྱ་ཆ ༡༢ བཟུང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།  ཉེ་བའི་ལོའི་རིང་ལྷོ་ཁས་ཡར་ཀླུང་རིག་གནས་དུས་ཆེན་གཏོང་སྐབས།  མི་དང་དངོས་པོའི་ཐད་ནས་གཏོང་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཐོག་མ་འཇོག་ལས་གཉེར་དང་སྤེལ་རེས་འགྲོ་འོང་།  ས་གནས་དང་ཁེ་ལས་མཉམ་ལས་བཅས་ལ་མཐུན་རྐྱེན་སྦྱར་ཏེ།  གྲོང་ཁྲེར་དེ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ནན་ཏན་བཏང་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]