ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་གྲོལ་འགག་སྒྲོལ་ལས་ཀར་དགའ་འོས་པའི་གྲུབ་འབྲས་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༡༦ ལོར་དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་པ་ནས་བཟུང་།  རིམ་རྩིས་བརྒྱབ་པར་གཞིགས་ན་ཉིང་ཁྲིའི་དུད་ཚང་ ༦༧༨༦ གི་མི་གྲངས ༢༣༤༦༧ དང་དབུལ་པོའི་གྲོང་ཚོ་ ༤༨༧ དབུལ་གྲོལ་ཐུབ་པ་དང་།  དབུལ་ཕོངས་སུ་འགྱུར་ཚད་དེ་སྔོན་གྱི་བརྒྱ་ཆ ༡༦.༤༢ ནས་ད་ལྟའི་བརྒྱ་ཆ ༠.༣༣ བར་ཆག་ནས་རྫོང་༼ ཆུས ༽བདུན་དུས་བཀག་ལྟར་དབུལ་གྲོལ་ཐུབ་ཡོད།  གྲོང་ཁྱེར་དེ་ཡོངས་སུ་དབུལ་ཕོངས་མང་ཚོགས་ཚོའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྤྱི་ལོ ༢༠༡༦ ལོའི་སྒོར ༢༨༥༥ ནས་ད་ལྟའི་སྒོར ༦༧༨༡ བར་འཕར་ནས་ལྡབ ༢.༣༧ འཕར་བ་དང་ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆ ༣༣ ཟིན་ཞིང་།  དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཤུགས་ཆེ་ཕྱིན་ནས་ལོ་གསུམ་བསྟུད་མར་ལྗོངས་ཡོངས་སུ་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དཔྱད་དཔོག་གི་མདུན་གྲལ་དུ་སླེབས་ཡོད།

ཕྱོགས་ཡོངས་ནས་དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ཁྲོད།  ཉིང་ཁྲི་གྲོང་ཁྱེར་གྱིས་མཛེས་པའི་ཉིང་ཁྲི་འཛུགས་སྐྲུན་བྱེད་རྒྱུ་གཞི་རྟེན་དུ་བྱས་ཏེ།  ཐོག་མཐའ་བར་གསུམ་དུ་རྩ་འཛུགས་ནས་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་བཏང་ཐོག  མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱུན་ཆད་མེད་པར་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་ཡོང་བ་བྱས་ཏེ།  ཐོན་ལས་དབུལ་སྐྱོར་དང་གནས་སྤོས་དབུལ་སྐྱོར།  སློབ་གསོ་ལས་ཞུགས།  སྤྱི་ཚོགས་མཐའ་སྐྱོང་སོགས་ཀྱི་བྱ་ཐབས་ལ་སྐུལ་འདེད་བཏང་བར་དོན་དངོས་ཕན་འབྲས་ཐོན་ཡོད།  སྤྱི་ལོ ༢༠༡༦ ལོའི་ཚུན་དུ་གྲོང་ཁྱེར་དེ་ཡོངས་སུ་སྔ་ཕྱི་བསྡོམས་དབུལ་གྲོལ་འགག་སྒྲོལ་མ་དངུལ་སྒོར་དུང་ཕྱུར ༡༦.༤༥ དབུལ་གྲལ་གྱི་དམིགས་སར་འབྱོར་བ་དང་དངུལ་བུན་སྒོར་དུང་ཕྱུར ༢༧.༢༩ དོན་འཁྱོལ་ཐུབ་ཡོད།  སྔ་ཕྱི་བསྡོམས་ཐོན་ལས་ཀྱི་དབུལ་སྐྱོར་གནད་འཕིགས་རྣམ་གྲངས ༥༡༠ ལག་བསྟར་བྱས་པ་དང་ཁྱོན་རྣམ་གྲངས ༣༨༥ ལེགས་སྒྲུབ་བྱུང་ཡོད།   
ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་གྲོལ་འགག་སྒྲོལ་ལས་ཀར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་རུང་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བའི་ལས་འགན་སྔར་བཞིན་ཧ་ཅང་ལྕི་པོ་ཡོད་པས།  གོམ་སྟབས་རྗེས་མའི་ལས་ཀའི་ཁྲོད་མུ་མཐུད་བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞེས་པའི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ།  ཤུགས་སྣོན་དང་བརྟན་གཏོང་།  རིམ་སྤོར་བཅས་ཀྱི་ཐད་འབད་བརྩོན་བྱེད་རྒྱུ་དང་ལེགས་ཆའི་ཐོན་ཁུངས་ལེགས་སྒྲིག་ངང་འགག་གནད་སྒྲོལ་བ་བྱས་ནས།  ཕུགས་ཕན་ལམ་སྲོལ་འཐུས་ཚང་འཛུགས་པ་དང་གྲུབ་འབྲས་བརྟན་དུ་བཏང་སྟེ་དབུལ་གྲོལ་འགག་སྒྲོལ་གྱི་མཐའ་མའི་ལས་དོན་ཏན་ཏིག་སྒྲུབ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]