རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་སྨྱན་སྦྱོར་ཚན་པར་སྒོ་དབྱེའི་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་སྨྱན་སྦྱོར་ཚན་པར་སྒོ་དབྱེའི་བྱེད་སྒོ་སྤེལ་བ་དང་།  སྨྱན་སྦྱོར་ཚོགས་པས་ཧྥུའུ་སྟོང་ཚན་བཅུའི་གློག་རྒྱུན་མི་གཅོད་པར་ལས་ཀ་བྱེད་པའི་བརྒྱུད་རིམ་ཡོངས་ལ་ལྟ་སྦྱོང་བྱས་པས།  གུང་ཁྲན་ཏང་ཡོན་གྱི་ཞབས་ཞུ་རུ་ཁག་གི་ཉམས་བཟང་ངོ་མ་མཐོང་ཐུབ་པ་མ་ཟད་གློག་ཤུགས་ལས་རིགས་ཀྱི་ཚོང་གཉེར་ཁོར་ཡུག་ལ་ཡང་རྒྱུས་ལོན་བྱུང་ཡོད།
ལྷ་སའི་གཞུང་ལམ་གྱི་ལམ་ཟུར་ཞིག་ཏུ་ལས་བཟོ་པ་ལི་གཡུས་ཧྲན་དང་བཀྲ་ཤིས་ཉི་མས་འདེགས་འཁོར་སྟེང་འཛེགས་ནས།  མཐོ་ཚད་སྤྱི་ཁྲེ ༡༥ སར་གློག་རྒྱུན་མི་གཅོད་པར་ཧྥུའུ་སྟོང་ཚན་བཅུའི་མཐོ་གནོན་གློག་སྐུད་ཀྱི་གློག་རྒྱུན་རྫ་བུམ་བརྗེ་པོ་རྒྱག་བཞིན་ཡོད་པ་དང་།  བདེ་འཇགས་འགན་སྲུང་བ་བསྟན་འཛིན་དཔལ་བཟང་གིས་ཁོང་གཉིས་ལ་མིག་ཅེ་རེར་ལྟ་བཞིན་དུ་རང་ཉིད་ཀྱི་ལས་ཀ་ངོ་སྤྲོད་བྱེད་པ་དང་།  ཁོང་གིས་ས་མཐོའི་སྟེང་གློག་རྒྱུན་མི་གཅོད་པར་ལས་ཀ་བྱེད་རྒྱུ་ནི་ཉེན་ཁ་ཧ་ཅང་ཆེན་པོ་རེད།  ང་རང་བདེ་འཇགས་འགན་སྲུང་བ་ཞིག་ཡིན་པའི་ངོས་ནས་དེ་བས་ཀྱང་དོགས་ཟོན་ཆེན་པོས་འདེགས་འཁོར་སྟེང་གི་ལས་རོགས་གཉིས་པོའི་བདེ་འཇགས་འགན་སྲུང་བྱེད་དགོས་ཀྱི་ཡོད་ཅེས་གསུངས།
ཆུ་ཚོད་ཕྱེད་ཀའི་རྗེས་ལ་ལས་ཀ་སྒྲུབ་ཟིན་ནས་ཁོ་གཉིས་པོས་གློག་བཟོའི་ལས་གོས་ཕུད་སྐབས་ནང་གོས་ཆ་ཚང་རྔུལ་ཆུས་འཚོས་ཡོད།  ལི་གཡུས་ཧྲན་ནས་ངེད་གཉིས་པོས་ད་བར་གློག་རྒྱུན་མི་གཅོད་པར་ལས་ཀ་ཐེངས་བརྒྱ་ལྷག་ཙམ་བྱས་ཟིན་པ་དང་།  ང་ཚོའི་ཚོགས་ཆུང་གི་ཁོངས་མིའི་ཆ་སྙོམས་ལོ་ཚད་ལོ ༣༠ ཡིན་པ་དང་ཚོགས་ཆུང་དེ་སྤྱི་ལོ ༢༠༡༥ ལོར་བཙུགས་ཤིང་།  གློག་རྒྱུན་མི་གཅོད་པར་ལས་ཀ་བྱེད་རྒྱུ་དེ་སྤྱི་ལོ ༢༠༡༦ ལོ་ནས་འགོ་བཙུགས་པ་རེད།  ང་ཚོས་ལྷ་ས་གྲོང་ཁྱེར་གྱི་བྱེད་སྒོ་ཆེ་གྲས་ཁག་གི་གློག་ཤུགས་འགན་སྲུང་ལས་ཀ་དང་ཧྥུའུ་སྟོང་ཚན་བཅུའི་གློག་རྒྱུན་མི་གཅོད་པར་ལས་ཀ་བྱེད་པའི་འགན་ཁུར་གྱི་ཡོད་ཅེས་གསུངས།
ཏང་ཡོན་བྱེད་སྒོ་ཁང་གི་ཞབས་ཞུ་རུ་ཁག་གི་འགན་འཁུར་བ་ཉི་ལྷས་སྨྱན་སྦྱོར་ཚོགས་པར་གློག་ཇི་ལྟར་བྱུང་བ་དང་བརྒྱུད་གཏོང་ཇི་ལྟར་བྱེད་པ།  དེ་བཞིན་གློག་བེད་སྤྱོད་ཀྱི་རྒྱུན་ཤེས་སོགས་ངོ་སྤྲོད་བྱས་པ་དང་།  གཞན་ཡང་ཞབས་ཞུ་རུ་ཁག་དེས་ད་དུང་དུས་བཀག་ལྟར་རྒན་རྒོན་མི་ཧྲེང་དང་འགན་ལེན་ལྔའི་དུད་ཚང་།  ལྟ་སྐྱོང་བྱེད་མཁན་མེད་པའི་རྒན་རྒོན་སོགས་ཀྱི་ཁྱིམ་དུ་བསྐྱོད་དེ་གློག་ཉམས་བཟོ་སོགས་ཀྱི་བྱ་བ་སྒྲུབ་ནས་ཁོ་ཚོར་དམིགས་བསལ་ལྟ་རྟོག་བྱེད་ཀྱི་ཡོད།
རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིའི་ཏང་ཨུད་ཏང་འཛུགས་པུའི་ཀྲུའུ་རེན་ཅའོ་ལུང་ཀྲན་ནས།  ཞབས་ཞུ་རུ་ཁག་བཙུགས་ཚུན་ཞབས་ཞུ་སྤུས་ལེགས་སྒྲུབ་པ་དང་།  ཛ་དྲག་ལྡན་ལ་དཀའ་ཚེགས་དང་ཉེན་ཁ་ཆེ་བའི་ལས་འགན་ལྕི་པོ་སྒྲུབ་བཞིན་ཅེས་གསུངས།
རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིའི་ལས་གཉེར་ཁང་དུ་སྨྱན་སྦྱོར་ཚོགས་པས་ལས་སྒོ་ཁུལ་དང་གྲོན་དངུལ་བསྡུ་ཁུལ་གྱི་ལས་ཀའི་གནས་ཚུལ་ལ་ལྟ་སྐོར་བྱས་པ་རེད།  ཚོང་གཉེར་པུའི་ཀྲུའུ་རེན་གཞོན་པ་ཀྲའོ་དབྱིན་ཀང་ནས།  ཉེ་བའི་ལོའི་ནང་ལྷ་ས་གློག་འདོན་ཀུང་སིས་བྱ་ཐབས་སྣ་ཚོགས་བཟུང་སྟེ་རྒྱུན་ཆད་མེད་པར་ཞིབ་ཚགས་སྟབས་བདེའི་ལས་རིམ་ཐོག་ནས་འཁོར་སྐྱོད་ཁོར་ཡུག་ལེགས་སུ་བཏང་ཡོད་ཅེས་ངོ་སྤྲོད་གནང་།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]