ཟླ་མཆོད་དུས་ཆེན་རིང་བོད་དུ་ཡུལ་སྐོར་ལ་ཡོང་མཁན་མི་ཐེངས་ཁྲི་ཚོ༩༡ལྷག་ཟིན་ཏེ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར༢.༥༢ལྷག་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་ཐིང་གིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན།  སྤྱི་ཟླ ༩ པའི་ཚེས ༡༣ ནས ༡༥ ཉིན་བར་གྱི་ཟླ་མཆོད་དུས་ཆེན་གྱི་ངལ་གསོའི་རིང་།  ལྗོངས་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༩༡ ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༨.༢ འཕར་བ་དང་།  ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར ༢.༥༢ ལྷག་ཙམ་ཟིན་ནས་དུས་མཚུངས་པ་ལས་བརྒྱ་ཆ ༡༩.༥ འཕར་ཡོད།

ད་ལོའི་ཟླ་མཆོད་དུས་ཆེན་གྱི་ངལ་གསོར་དམིགས་ཏེ་རང་ལྗོངས་ཡུལ་སྐོར་ཚན་པས་ཡུལ་སྐོར་འཛད་སྤྱོད་ཀྱི་གཏིང་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ།  ངལ་གསོའི་རིང་གི་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་བཏང་སྟེ་གྲོང་གསེབ་ཡུལ་སྐོར་དང་གསར་བརྗེའི་ཡུལ་སྐོར།  རིག་གནས་ཡུལ་སྐོར།  དམངས་སྲོལ་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་མང་པོ་བཏོན་པ་མ་ཟད་མྱོང་རོལ་རང་བཞིན་དང་ཐེ་ཞུགས་རང་བཞིན་ལ་མཐོང་ཆེན་བྱས་པས།  གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་གྲོང་གསེབ་ཏུ་ཕྱིན་ནས་ས་མཐོའི་སྟོན་དུས་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་མྱོང་རོལ་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ཕོ་བྲང་ཕོ་ཏ་ལ་དང་གཙུག་ལག་ཁང་།  གནམ་མཚོ།  ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོ།  ཇོ་མོ་གླང་མ་སོགས་མཛེས་ལྗོངས་ཁུལ་གཙོ་བོ་ནི་སྔར་བཞིན་བོད་ལ་ཡུལ་སྐོར་དུ་ཡོང་མཁན་ཚོའི་ཡུལ་སྐོར་བྱེད་གནས་གཙོ་བོ་ཡིན་པ་དང་།  མཚུར་ཕུ་རོང་ས་དང་སྟག་གདོང་གྲོང་ཚོ།  བྲག་ཡེར་པ་སོགས་ལྷ་སའི་གྲོང་སྐོར་བྱང་ལམ་རྒྱུད་ཀྱི་གྲོང་གསེབ་ཡུལ་སྐོར་དེ་ལྷ་སའི་གྲོང་མི་ཚོའི་ལམ་ཐག་ཐུང་བའི་ཡུལ་སྐོར་དང་གྲོང་ཁྱེར་ཉེ་འདབས་ཀྱི་ཡུལ་སྐོར་བྱེད་གནས་གཙོ་བོར་གྱུར་ཡོད།

ཉེ་བའི་ལོའི་རིང་།  བོད་ལྗོངས་ཡུལ་སྐོར་ལས་རིགས་གོང་འཕེལ་མྱུར་པོ་བྱུང་ཞིང་ཡུལ་སྐོར་བར་སྣེ་ལེན་ཞུ་པའི་ནུས་པ་ཡང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་།  དགུན་དུས་བོད་དུ་ཡུལ་སྐོར་བྱེད་ཅེས་པའི་བྱེད་སྒོ་ཤུགས་ཆེ་སྤེལ་བས་ཡུལ་སྐོར་ཕྱོགས་བསྡུས་ཕན་འབྲས་ཡག་པོ་ཐོན་ཡོད།  ད་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༡༣༤༠ ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར ༡༤༩ ལྷག་ཙམ་བྱུང་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]