ལོ་སྟོད་དུ་རང་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ༡༣༤.༩༧ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར༡༤༩.༣༦བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལོའི་སྤྱི་ཟླ་དང་པོ་ནས་དྲུག་པའི་བར་ལྗོངས་ཡོངས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༡༣༤.༩༧ ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ ༢༠.༢ འཕར་བ་དང་།  ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར ༡༤༩.༣༦ བྱུང་བ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ ༡༩.༨ འཕར་ནས།  ཁག་སོ་སོའི་ལོ་འཁོར་མོའི་དམིགས་ཚད་ཀྱི་བརྒྱ་ཆ ༣༣.༥ དང་བརྒྱ་ཆ ༢༥.༨ ལེགས་གྲུབ་ཟིན་པ་རེད།   
ངོ་སྤྲོད་བྱས་པར་གཞིགས་ན།  ད་ལོའི་སྤྱི་ཟླ ༡ པོའི་ཚེས ༡ ནས་སྤྱི་ཟླ ༣ པའི་ཚེས ༡༥ ཉིན་བར་དགུན་དུས་བོད་དུ་ཡུལ་སྐོར་བྱེད་ཅེས་པའི་རེས་འཁོར་གཉིས་པའི་བྱེད་སྒོའི་རིང་།  རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༡༡༧.༨ ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ ༢༨.༡ འཕར་ནས་རང་ལྗོངས་སུ་དགུན་དུས་ཡུལ་སྐོར་ལ་ཡོང་མཁན་མང་ཤོས་ལོ་ཞིག་ཡིན་པ་མ་ཟད།  ཡུལ་སྐོར་བར་སྣེ་ལེན་བྱེད་མང་ཤོས་ཀྱི་ལོ་ཞིག་ཀྱང་ཡིན་པས་དུས་མཚུངས་པའི་དང་བསྡུར་ན་འཕར་ཚད་ཆེ་ཤོས་ཀྱི་ལོ་ཞིག་རེད།  ལྷག་པར་དུ་ལྗོངས་ཡོངས་སུ་ཡུལ་སྐོར་སྣེ་ལེན་ཁང་ཁག་གིས་ཡུལ་སྐོར་ཚོགས་པར་སྣེ་ལེན་ཞུ་ཚད་ལོ་རྒྱུས་ཐོག་གི་དུས་མཚུངས་པ་དང་བསྡུར་ན་འཕར་ཚད་ཆེ་ཤོས་ཀྱི་ལོ་ཞིག་ཡིན་ཞིང་།  སྔ་ཕྱི་བསྡོམས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༧༦.༢ ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ ༡༢༧ འཕར་ཡོད།  དེང་སྐབས་གྲོང་གསེབ་དང་སྤྲོ་གསེང་ཡུལ་སྐོར་ཐོན་རྫས་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་།  ལོ་སྟོད་དུ་ལྗོངས་ཡོངས་ལ་ཉིན་གཅིག་ཡུལ་སྐོར་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༦༡༦.༦ ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་དང་བསྡུར་ན་བརྒྱ་ཆ ༣༤.༩ འཕར་ནས།  ཉིན་གཅིག་ཡུལ་སྐོར་དེ་ཡུལ་སྐོར་བྱེད་སྟངས་གསར་ཤོས་ཤིག་ལ་གྱུར་ཏེ་ལྗོངས་ནང་ཁུལ་གྱི་གྲོང་མི་ཚོས་དགའ་པོ་བྱེད་པ་དང་བསྟུན་ཚང་མས་རྒྱ་ཁྱབ་ངང་ཞུགས་ཀྱི་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]