ལོ་སྟོད་དུ་རང་ལྗོངས་ཀྱི་ས་གནས་ཁག་གི་ཐོན་སྐྱེད་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར༦༨༡.༦༩ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ནས་དང་འབྲི་གཡག  ཡུལ་སྐོར།  དྭངས་གཙང་ནུས་ཁུངས།  མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེ་སྲིང་གོང་འཕེལ་བཏང་བས།  ཞིང་འབྲོག་པ་འབོར་ཆེན་ཞིག་འབབ་འཕར་ཕྱུག་འགྱུར་ཐུབ་རྒྱུར་སྐུལ་འདེད་ཐེབས་ཡོད་པ་རེད།  ད་ལོའི་ལོ་སྟོད་དུ་བོད་ཀྱི་ས་གནས་ཁག་གི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༦༨༡.༦༩ ཟིན་པའི་ནང་།  གྲོང་གསེབ་དང་བཟོ་ལས་དཔལ་འབྱོར་གྱིས་ལས་ཞུགས་དང་འབབ་འཕར་ལ་སྐུལ་འདེད་ཐེབས་ཚད་མངོན་གསལ་དོད་དུ་ཕྱིན་ཡོད།

གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  སྤྱི་ལོ ༢༠༡༥ ལོ་ནས ༢༠༡༨ ལོའི་བར་རང་ལྗོངས་ཀྱིས་ནས་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་ཁྲི་ཚོ ༡༩༤ ནས་མུའུ་ཁྲི་ཚོ ༢༡༢.༧ བར་ཆེ་རུ་བཏང་བ་དང་།  སོན་བཟང་ཁྱབ་གདལ་གཏོང་ཚད་བརྒྱ་ཆ ༢༦ བར་མཐོ་རུ་བཏང་བ།

ནས་ཀྱི་སྤྱིའི་ཐོན་འབབ་དེ་ཀྲོན་ཁྲི་ཚོ ༧༠.༨ ནས་ཀྲོན་ཁྲི་ཚོ ༨༡.༤ བར་མཐོ་རུ་ཕྱིན་པས།  མུའུ་རེར་ཆ་སྙོམས་ནས་ཀྱི་ཐོན་ཚད་སྤྱི་རྒྱ ༡༧ འཕར་ནས་འཕར་ཚད་བརྒྱ་ཆ ༤.༦ ཟིན་པ་བཅས་བྱུང་བ་དང་།  སྤྱི་ཟླ ༨ པའི་ཟླ་མཇུག་བར་རང་ལྗོངས་ཀྱི་ནས་ལས་སྣོན་ཁེ་ལས ༣༩ བར་འཕེལ་རྒྱས་ཕྱིན་པ་དེ་དག་གིས།  ནས་ཀྱི་ཐོན་རྫས་སྣེ་ཁ ༡༠༠ ལྷག་ཙམ་ཞིབ་བཟོ་ཐུབ་ཀྱི་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༦ ལོ་ནས་ད་ལོའི་སྤྱི་ཟླ ༨ པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་ཐོན་ལས་དབུལ་སྐྱོར་རྣམ་གྲངས ༢༥༦༧ ལས་འགོ་ཚུགས་ཟིན་པ་དེས།  འཆར་འགོད་རྣམ་གྲངས་ཀྱི་བརྒྱ་ཆ ༨༥ ཟིན་པའི་ཁྲོད་རྣམ་གྲངས ༡༧༠༡ ལས་མཇུག་སྒྲིལ་བ་རེད།  ད་ལོའི་སྤྱི་ཟླ ༨ པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་ཐོན་ལས་དབུལ་སྐྱོར་བརྒྱུད།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་ཞིང་འབྲོག་པ་ཁྲི་ཚོ ༢༢.༢ དུས་བཀག་ལྟར་དབུལ་གྲོལ་ཐུབ་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]