ནག་ཆུས་གནས་བསྒྱུར་ལས་ཞུགས་བརྒྱུད་དབུལ་སྒྲོལ་ལམ་དུ་ཞུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ་ནག་ཆུ་གྲོང་ཁྱེར་གྱིས་ལས་ཀའི་ལམ་སྲོལ་ཁག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཞབས་ཞུའི་ལས་དོན་ཁག་གནད་འཕིགས་ཐུབ་པ་བྱས་པས།  གནས་བསྒྱུར་ལས་ཞུགས་བརྒྱུད་དབུལ་སྒྲོལ་ལ་རོགས་འདེགས་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད་ལ།  ལས་ཞུགས་ཁོར་ཡུག་བཟང་པོ་ཞིག་བཏོད་ཐུབ་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལག་རྩལ་སྦྱོང་ཐུབ་པ་དང་ལས་ཞུགས་ཐུབ་པ་བྱུང་ཡོད།

ནག་ཆུ་གྲོང་ཁྱེར་གྱིས་ཞིང་འབྲོག་པ་གནས་བསྒྱུར་ལས་ཞུགས་ཐད་མཐོང་ཆེན་པོ་བྱས་ཏེ་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་གནས་བསྒྱུར་ལས་ཞུགས་བརྒྱུད།  དབུལ་སྒྲོལ་ཐུབ་པ་བྱེད་པའི་ལས་ཀར་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་བྱས་པ་དང་ཆབས་ཅིག  སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་སྲོལ་སྲིད་ཇུས་གཞི་རིམ་དུ་ཁྱབ་པ་བྱས་ཏེ་ལས་བྱེད་མང་ཚོགས་ཚོའི་སྲིད་ཇུས་སྦྱོང་སྤྱོད་ཀྱི་ནུས་པ་ཆེ་རུ་བཏང་ཡོད། 
ནག་ཆུ་གྲོང་ཁྱེར་གྱིས་ལས་ཞུགས་སྟེགས་བུ་ཧུར་ཐག་བསྐྲུན་ཏེ་ཞིང་འབྲོག་པའི་ལས་ཞུགས་ཆུ་ཚད་འགན་སྲུང་བྱས་ཡོད།  ད་ལོའི་ཚུན་དུ་གྲོང་ཁྱེར་དེ་ཡོངས་སུ་ཞིང་འབྲོག་པར་སྦྱོང་བརྡར་སྤྲོད་རྒྱུར་མ་དངུལ་སྒོར་ཁྲི་ཚོ ༡༥༥༠ བཏང་ནས་ཞིང་འབྲོག་པ ༥༡༦༡ ལ་མ་བྱན་དང་ཨར་སྐྲུན།  ཁ་ལོ་བ་སོགས་ལས་རིགས ༡༨ ཀྱི་རྩལ་ནུས་སྦྱོང་བརྡར་སྤྲད་པ་མ་ཟད།  གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་འབྲོག་པ ༦༤༧༨༤ གནས་བསྒྱུར་ལས་ཞུགས་ཀྱང་ཐུབ་ཡོད་ལ།  ཟི་ཁྲོན་དང་ཀན་སུའུ།  ཧྥུ་ཅན།  ནང་སོག་སོགས་ནང་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དུ་ནག་ཆུ་གྲོང་ཁྱེར་གྱི་མི ༡༨༧ ལས་ཞུགས་ཐུབ་པ།  མི ༣༡༦༠ ལྷ་ས་སོགས་གྲོང་ཁྱེར་གཞན་དུ་ལས་ཞུགས་ཐུབ་པ་བཅས་བྱུང་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]