ལོ་ངོ་༦༠རིང་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-31

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༩ ཉིན་གྱི་སྔ་དྲོ།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་ངོ་ ༦༠ སོང་ཚུན་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་གྲུབ་འབྲས་ཀྱི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ་དང་།  ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱི་གཞོན་པ་བཀྲ་རྣམ་གྱིས་ལོ་ངོ་ ༦༠ ནང་།  ནག་ཆུས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་འབྲོག་ལས་དང་རིག་གནས་ཡུལ་སྐོར་སོགས་ཐོན་ལས་ཆེ་གྲས་བཞི་གོང་འཕེལ་ཤུགས་ཆེ་བཏང་ཡོད།  སྤྱི་ལོ ༢༠༡༨ ལོར་གྲོང་ཁྱེར་ཡོངས་སུ་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར ༡༣༠ ལྷག་ཙམ་ཟིན་ཡོད་ཅེས་ངོ་སྤྲོད་གནང་བ་རེད། 
ལོ་ངོ་ ༦༠ ནང་ནག་ཆུ་གྲོང་ཁྱེར་གྱིས་མི་ཤུགས་དང་དངོས་ཤུགས།  ནོར་ཤུགས་བཅས་འབོར་ཆེན་བཏང་ནས་ཆུ་དང་གློག  གཞུང་ལམ།  འཕྲིན་གཏོང་།  རླུང་འཕྲིན་བརྙན་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།  སློབ་གསོ་དང་སྨན་བཅོས།  རིག་གནས་སོགས་བྱ་གཞག་གོང་འཕེལ་ཤུགས་ཆེ་བཏང་བས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་རེད།  སྤྱི་ལོ ༢༠༡༨ ལོར་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་མིའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༣༤༠༠༠ ཟིན་པ་དང་གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར་ཁྲི་ལས་བརྒལ་ནས།  མི་དམངས་མང་ཚོགས་ཀྱི་དངོས་པོའི་རྒྱུ་ནོར་འཕར་སྣོན་དང་བསམ་པའི་རྒྱུ་ནོར་ལོངས་སྤྱོད་ཐུབ་པ་བྱུང་ཡོད།  དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ རིང་ནག་ཆུས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དེ་མཐའ་ཚད་དང་དམར་ཐིག  གློག་ཆེན་བཅས་ལ་རྩིས་ནས་ཆེས་ནན་པོའི་སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱས་ཏེ།  བོད་བྱང་ཐང་དེར་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་པ་རེད། 

བཀྲ་རྣམ་གྱིས་ངོ་སྤྲོད་གནང་བར་གཞིགས་ན།  གྲོང་ཁྱེར་དེ་ཡོངས་སུ་རང་བྱུང་སྲུང་སྐྱོང་ཁུལ ༡༤ དང་རྒྱལ་སྤྱིའི་གལ་ཆེའི་འདམ་ར ༡ རྒྱལ་ཁབ་ཀྱི་ཚོད་ལྟའི་འདམ་རའི་སྤྱི་གླིང་ ༦ བཅས་བཙུགས་ཏེ།  ལྐོག་རྔོན་རྒྱག་རྒྱུར་རྡུང་རྡེག་ཚ་ནན་བཏང་བས་རི་འཁྱར་སྲོག་ཆགས་སྣེ་རིགས་ལོ་རེ་བཞིན་ཇེ་མང་དུ་ཕྱིན་ཡོད།  ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆུ་དཔོན་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས་གྲོང་ཁྱེར་རིམ་པའི་ཆུ་དང་མཚེའུ་གཙོ་བོ ༢༥ ཡི་ཇུས་གཞི་བཟོ་བའི་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད།  ནགས་ཚལ་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་དང་བྱ་དགའ་སྤྲོད་པའི་ལམ་ལུགས་འཐུས་ཚང་བཟོས་ནས་རྩྭ་ཕྱུགས་དོ་སྙོམས་བྱེད་ཚད་རྒྱ་ཁྱོན་མུའུ་དུང་ཕྱུར ༤.༡༡ ཟིན་པ་དང་།  ཞིང་དོར་ནགས་བཟོ་དང་ཐང་རྒོད་ནགས་བཟོ།  རི་རྒྱ་ནགས་གསོ།  གཙོ་གནད་ཁུལ་ཁོངས་ནགས་བཟོ་བཅས་མུའུ ༣༥༧༠༠ ལེགས་སྒྲུབ་བྱས་པ་དང་སྤྱི་ཕན་ནགས་ཚལ་མུའུ་ཁྲི་ཚོ ༨༢༣ ལ་སྲུང་སྐྱོང་ནུས་ལྡན་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]