རང་ལྗོངས་ཀྱི་མཁོ་འཚོང་མཉམ་ལས་བྱ་གཞག་ཕྱོགས་བསྡུས་བསྒྱུར་བཅོས་ཀྱི་ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-04

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ནང་།  རང་ལྗོངས་ཀྱི་མཁོ་འཚོང་མཉམ་ལས་བྱ་གཞག་ཕྱོགས་བསྡུས་བསྒྱུར་བཅོས་ཀྱི་ལས་དོན་ཁག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  གྲོང་གསེབ་གསར་པའི་དེང་རབས་འཁོར་རྒྱུག་ཞབས་ཞུ་དྲ་བའི་ལས་གཞིས་ད་ལོའི་སྤྱི་ཟླ་དགུ་པའི་བར་ཁྱོན་རྣམ་གྲངས ༩༨ སྐྲུན་ཟིན་པ་དང་རྒྱལ་ཁབ་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་རྣམ་གྲངས ༧ ལག་བསྟར་བྱས་ཡོད།  རྣམ་གྲངས་དེ་དག་ལག་བསྟར་བྱས་པ་བརྒྱུད་ཁྱོན་ཆེད་ལས་དུད་ཚང་ ༢༣༠༠ ལྷག་ཙམ་གསར་སྣོན་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ་མ་ཟད།  ཞིང་འབྲོག་པའི་ལས་ཞུགས་ལས་གནས ༤༠༠༠ ལྷག་ཙམ་མང་དུ་ཕྱིན་པ་དང་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར ༣.༤ ཙམ་གཏོད་ཡོད།

རང་སྐྱོང་ལྗོངས་མཁོ་འཚོང་མཉམ་ལས་ཁང་དེ་སྤྱི་ལོ ༢༠༡༢ ལོར་སླར་གསོ་བྱས་ཚུན་དོན་དངོས་དང་ཟུང་འབྲེལ་བྱས་ནས་མཁོ་འཚོང་མཉམ་ལས་ཁང་ཕྱོགས་བསྡུས་བསྒྱུར་བཅོས་བྱེད་རྒྱུ་དེ་མཁོ་འཚོང་མཉམ་ལས་ཁང་གི་རྩ་འཛུགས་མ་ལག་སླར་གསོ་བསྐྱར་སྐྲུན་བྱེད་རྒྱུ་དང་མཉམ་དུ་སྤེལ་བ་དང་།  གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ནང་ཧུར་ཐག་ཞུགས་པས་ལྗོངས་ཡོངས་ཀྱི་མཁོ་འཚོང་མཉམ་ལས་བྱ་གཞག་གོང་འཕེལ་གྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད།

ཉེ་བའི་ལོའི་ནང་།  རང་སྐྱོང་ལྗོངས་མཁོ་འཚོང་མཉམ་ལས་ཁང་གིས་གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱས་ནས་མཁོ་འཚོང་མཉམ་ལས་ཁང་གི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།  ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་བྱ་སྤྱོད་འཆར་གཞི་དང་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་གཉེར་སྐྱོང་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས་ཡོད།  མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་ནས་གཞི་རིམ་རྩ་འཛུགས་གོང་འཕེལ་གྱི་ཆེད་དོན་མ་དངུལ་རེ་ཞུ་བྱས་པ་བརྒྱུད།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་བའི་གྲོང་ཚོ་དང་པོ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཁེ་གསུམ་མཁོ་འཚོང་མཉམ་ལས་ཁང་སོགས་གཞི་རིམ་གྱི་མཁོ་འཚོང་མཉམ་ལས་ཁང་ ༡༡ བཙུགས་ནས་གོང་འཕེལ་བཏང་བ་མ་ཟད།  ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དུ་མཁོ་འཚོང་མཉམ་ལས་ཁང་ནས་སྣེ་ཁྲིད་གསར་འཛུགས་བྱས་པའི་ཞིང་འབྲོག་པའི་མཉམ་འབྲེལ་ཆེད་ལས་མཉམ་ལས་ཁང་ཐོག་མ་དེ་ཡང་བཙུགས་པ་རེད།

མཁོ་འཚོང་མཉམ་ལས་ཁང་གིས་ཞིང་འབྲོག་པར་ཞབས་ཞུ་སྒྲུབ་རྒྱུར་དམིགས་ནས་ཞིང་འབྲོག་པར་ཐོན་སྐྱེད་དང་འཚོ་བའི་དཔྱད་གཞི་མཁོ་འདོན་ཧུར་ཐག་བྱས་ཏེ།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་ར་དང་གྲོང་གསེབ་འཁོར་རྒྱུག་སྦྲེལ་མཐུད་ཀྱི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད།  མཁོ་འཚོང་མཉམ་ལས་ཁང་གིས་མཁོ་འཚོང་མཉམ་ལས་སྤྱི་ཁྱབ་ཁང་གི་གྲོང་གསེབ་གསར་པའི་དེང་རབས་འཁོར་རྒྱུག་ཞབས་ཞུ་དྲ་བའི་ལས་གཞིར་བརྟེན་ནས།  རང་ལྗོངས་ཀྱི་ཞིང་འབྲེལ་རྣམ་གྲངས་ལ་མ་འཇོག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཞིང་འབྲོག་ཁུལ་ལ་ཞབས་ཞུ་སྒྲུབ་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།  གཞན་ཡང་ཞིང་འབྲོག་ཁུལ་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་རྒྱུས་རྩ་བ་བྱས་ནས་རྒྱུན་ཆད་མེད་པར་ཞབས་ཞུ་ལེགས་སུ་དང་ཞབས་ཞུ་བྱེད་སྟངས་གསར་གཏོད་བྱས་ཏེ།  ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་ཁྲོད་ཀྱི་མཁོ་འཚོང་མཉམ་ལས་ཁང་གི་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ནས་ཚོང་འབྲེལ་ཟབ་ཏུ་བཏང་ཡོད།

མཉམ་སྦྲེལ་དྲ་རྒྱ་དང་དབུལ་སྐྱོར་ཟུང་འབྲེལ་བརྒྱུད་རྒྱལ་ཡོངས་ཀྱི་མཁོ་འཚོང་ ཁྱིམ་ཞེས་པར་བརྟེན་པ་དང་འགྲེམས་ཁང་དང་སྨྱན་སྦྱོར་གསར་པ།  གློག་རྡུལ་ཚོང་དོན།  དངོས་གཞིའི་ཚོང་ཁང་སོགས་དྲིལ་བསྒྲགས་དང་ཕྱིར་འཚོང་གི་སྟེགས་བུ་སྣ་ཚོགས་སྤྱད་དེ།  ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་ཚུད་པའི་ཁེ་ལས་ཀྱིས་ཕྱིར་འཚོང་ཡོང་འབབ་སྒོར་ཁྲི་ཚོ ༥༥༠༠ ལྷག་ཙམ་གཏོད་རྒྱུར་རོགས་རམ་བྱས་ནས།  རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་དྲ་ཐོག་དང་དྲ་འོག་ཏུ་ཕྱིར་འཚོང་བྱེད་པའི་ཐབས་ལམ་རྒྱ་སྐྱེད་བཏང་བ་མ་ཟད།  རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་ཡང་བཏང་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]