བོད་ཀྱི་ཁེ་ལས༢༠ལྷག་ཙམ་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-11-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༥ ཡི་ཉིན།  ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་འཛུགས་མཛད་སྒོ་ཧྲང་ཧའེ་རུ་འཚོགས་པ་དང་།  རང་ལྗོངས་ཀྱི་འཐུས་ཚབ་ཁེ་ལས་༢༠ ལྷག་ཙམ་འགྲེམས་ཚོགས་ནང་ཞུགས་ཡོད། དུས་རབས་གསར་པར་མ་འོངས་མཉམ་སྤྱོད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྐབས་འདིའི་འགྲེམས་ཚོགས་ཁྲོད།  རྒྱལ་ཁབ་དང་ས་ཁུལ ༡༥༠ ལྷག་ཙམ་གྱི་ཁེ་ལས ༣༠༠༠ ལྷག་ཙམ་ཞུགས་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ཚེས ༥ ནས ༡༠ ཉིན་བར།  ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཧྲང་ཧའེ་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་སུ་ཚོགས་རྒྱུ་ཡིན་ཞིང་།  རྒྱལ་ཁབ་ཕྱོགས་བསྡུས་འགྲེམས་སྟོན་དང་ཁེ་ལས་ཀྱི་ཚོང་ལས་འགྲེམས་སྟོན།  འཇའ་ཟམ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་བཅས་ལས་གྲུབ་ཡོད་པ་དང་།  འགྲེམས་ཚོགས་ནང་ཞུགས་མཁན་རྒྱལ་ཁབ་དང་ས་ཁུལ།  རྒྱལ་སྤྱིའི་རྩ་འཛུགས།  ཁེ་ལས་བཅས་སྐབས་དང་པོ་ལས་མང་བ་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]