རང་ལྗོངས་ཀྱིས་དབུལ་གྲོལ་འགག་སྒྲོལ་སྲ་བརྟན་ལོའི་ལས་འགན་ལེགས་སྒྲུབ་གང་ལེགས་བྱེད་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་དང་།  ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བསྡུ་རུབ་བྱས་ཏེ་གཅིག་གྱུར་བཀོད་གཏོང་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་སོགས་བརྡ་ཐོའི་དགོངས་དོན་ལ་གཞིགས་ནས།  མཚམས་མི་འཇོག་པ་བཞིའི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་ཆེད་རང་ལྗོངས་ཀྱིས་ད་ཡོད་ནོར་ཤུགས་དང་ཟུང་འབྲེལ་བྱས་པའི་རྨང་གཞིའི་ཐོག  རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་སྤྱི་ལོ ༢༠༢༠ ལོའི་དབུལ་གྲོལ་འགག་སྒྲོལ་སྲ་བརྟན་ལོའི་ལས་འགན་ལེགས་སྒྲུབ་ལྡན་པའི་ངང་སྤེལ་རྒྱུར་མོས་མཐུན་བྱས་ཡོད།
སྤྱི་ལོ ༢༠༢༠ ལོར་རང་སྐྱོང་ལྗོངས་ཀྱིས་གཅིག་གྱུར་འཆར་འགོད་ཐོག་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར ༡༣༠.༩༥ བསྡུ་རུབ་བྱས་ནས།  ལྗོངས་ཡོངས་ཀྱི་ལོ་འཁོར་མོའི་དབུལ་གྲོལ་འགག་སྒྲོལ་ལས་དོན་ལ་རྒྱབ་སྐྱོར་བྱེད་རྩིས་ཡོད་པའི་ནང་།  རྨང་གཞི་སྒྲིག་བཀོད་ཆུང་གྲས་དང་ཐོན་སྐྱེད་གོང་འཕེལ་གྱི་མ་དངུལ་སྒོར་དུང་ཕྱུར ༥༥ དང་སྐྱེ་ཁམས་ཁ་གསབ་དང་དབུལ་གྲོལ་ལས་གནས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར༡༧.༩༡  གནས་སྤོས་དབུལ་སྐྱོར་གྱི་སྒྲིག་བཀོད་ཆ་ཚང་གི་ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར ༡༥  དབུལ་སྐྱོར་སྐྱེད་སྦྱར་དངུལ་བུན་སྒོར་དུང་ཕྱུར ༤.༢༧  གྲོང་ཁྱེར་བརྒལ་བའི་གནས་སྤོས་དབུལ་སྐྱོར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་གྱི་རྗེས་མཐུད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར ༥  ས་བབ་མཐོ་བའི་མང་ཚོགས་གནས་སྤོས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་བཀོད་སྒྲིག་བྱེད་གནས་ཀྱི་སྒྲིག་བཀོད་ཆ་ཚང་གི་ཐོན་ལས་མ་དངུལ་སྒོར་དུང་ཕྱུར ༡  ལས་རྗེས་དཔྱད་དཔོག་བྱ་དགའ་སྒོར་དུང་ཕྱུར ༤.༥  ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་ནས་ཁུལ་ཁོངས་གསུམ་གྱི་དབུལ་གྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར ༢༨.༢༧ བཅས་ཚུད་ཡོད།
གྲོང་ཁྱེར༼ ས་ཁུལ ༽ཁག་གི་ཁོངས་གཏོགས་རྫོང་༼ཆུས༽ཀྱི་དབུལ་གྲོལ་མི་འབོར་སྲ་བརྟན་མཐོར་གཏོང་དང་ཤིན་ཏུ་དབུལ་བའི་ཞིང་ལས་རྫོང་དང་ས་མ་འབྲོག་རྫོང་གི་དབུལ་ཕོངས་མི་འབོར་གྱི་གྲངས་འབོར།  སྐྱེ་ཁམས་ཁ་གསབ་དབུལ་གྲོལ་ལས་གནས་ཀྱི་གྲངས་འབོར།  གནས་སྤོས་དབུལ་སྐྱོར་ས་ཁུལ་གྱི་མ་གནས་ཧེ་བག་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ་ཕྱོགས་བསྡུས་རྒྱུ་རྐྱེན་བྱ་ཐབས་ལ་བརྟེན་ནས་བགོས་འགྲེམས་བྱས་པའི་ནང་ལྷ་ས་གྲོང་ཁྱེར་ལ་སྒོར་དུང་ཕྱུར ༧.༠༦ དང་།  གཞིས་རྩེ་གྲོང་ཁྱེར་ལ་སྒོར་དུང་ཕྱུར ༣༤.༥༦ 
ལྷོ་ཁ་གྲོང་ཁྱེར་ལ་སྒོར་དུང་ཕྱུར ༡༡.༨༩  ཉིང་ཁྲི་གྲོང་ཁྱེར་ལ་སྒོར་དུང་ཕྱུར ༧.༠༡  ཆབ་མདོ་གྲོང་ཁྱེར་ལ་སྒོར་དུང་ཕྱུར ༣༨.༣༢  ནག་ཆུ་གྲོང་ཁྱེར་ལ་སྒོར་དུང་ཕྱུར ༢༡.༦༥  མངའ་རིས་ས་ཁུལ་ལ་སྒོར་དུང་ཕྱུར ༤.༨༨ བཅས་སྤྲད་ཡོད།
ལྗོངས་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གནས་སྤོས་དབུལ་སྐྱོར་དངུལ་བུན་གྱི་སྐྱེད་སྦྱར་མ་དངུལ་སྒོར་ཁྲི་ཚོ ༨༠༠ ཟིན་པ་དང་ལྷག་འཕྲོས་སྒོར་དུང་ཕྱུར ༥.༥ ཡོད་པ་དེ་གྲོང་ཁྱེར༼ ས་ཁུལ ༽ ཁག་གི་ཏང་ཨུད་དང་སྲིད་འཛིན་ཀུང་ཧྲུའུ།  སྲིད་གཞུང་བཅས་ཀྱི་དབུལ་གྲོལ་འགག་སྒྲོལ་གྱི་ཕན་འབྲས་དཔྱད་དཔོག་དང་ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར།  ལས་རྗེས་དཔྱད་དཔོག་འབྲས་བུ་བཅས་གཞིར་བཟུང་བགོས་འགྲེམས་བྱས་པའི་ནང་གཞིས་རྩེ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར།  ནག་ཆུ་གྲོང་ཁྱེར་བཅས་ཤིན་ཏུ་དབུལ་བའི་གཙོ་གནད་ས་ཁུལ་གསུམ་ལ་སྤྲད་པའི་མ་དངུལ་གྱིས་གྲོང་ཁྱེར༼ ས་ཁུལ ༽ལ་བགོ་འགྲེམས་བྱས་པའི་གཅིག་གྱུར་སྒྲིལ་བཅོས་མ་དངུལ་སྤྱི་འབོར་གྱི་བརྒྱ་ཆ ༧༥.༤ ཟིན་གྱི་ཡོད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]