ན་ནིང་རང་ལྗོངས་ཀྱི་ཞིང་འབྲོག་པའི་ངལ་ནུས་ཡོངས་འབབ་སྒོར་དུང་ཕྱུར༣༤.༨ཟིན་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-01-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༩ ལོར།  རང་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི ༥༧.༡ ལས་ཞུགས་སྤོ་བསྒྱུར་ཐུབ་ནས།  ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར ༣༤.༨ ཟིན་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

སྤྱི་ལོ ༢༠༡༩ ལོར་རང་ལྗོངས་ཀྱིས་ལས་ཞུགས་དང་ཐོན་ལས་ཟུང་འབྲེལ་བྱེད་རྒྱུ་གསལ་སྟོན་ཐོག  རྒྱལ་ཁབ་ཀྱི་མ་འཇོག་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཡུལ་དེའི་ཞིང་འབྲོག་པའི་ངལ་ནུས་བསྡུར་གྲངས་སྤྱིའི་ལས་མི་བསྡུ་ཚད་ཀྱི་བརྒྱ་ཆ ༣༠ ཡན་ཟིན་པ་བྱས་ཤིང་།  ལྗོངས་ཡོངས་ཀྱི་རིགས་ཁག་གི་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཡུལ་དེའི་ཞིང་འབྲོག་པ་ངལ་ནུས་བསྡུ་ཚད་སྤྱི་ལོ ༢༠༡༨ ལོ་ནས་ལྡབ་ལྔ་འཕར་བ་བྱས་ཡོད།  རང་ལྗོངས་ཀྱིས་ད་དུང་ཁ་གཏད་དམིགས་བཙུགས་རྣམ་པའི་རྩལ་ནུས་སྦྱོང་བརྡར་སྤྲད་པ་དང༌།  ཁྲོམ་རའི་དགོས་མཁོ་དང་མང་ཚོགས་ཀྱི་སྦྱོང་བརྡར་འདོད་མོས་དང་ཟུང་འབྲེལ་བྱས་ཏེ།  སྲིད་གཞུང་གིས་སྣེ་ཁྲིད་པ་དང་ཁེ་ལས་ནས་ལས་གནས་མཁོ་འདོན་བྱེད་པ།  སྦྱོང་བརྡར་ཚན་པས་དགོས་མཁོར་གཞིགས་ནས་སྦྱོང་བརྡར་སྤྲོད་པ།  དབུལ་ཕོངས་མང་ཚོགས་ལ་སྦྱོང་བརྡར་སྤྲད་རྗེས་དམིགས་བཙུགས་ལས་ཞུགས་བྱེད་པ་བཅས་ཀྱི་སྦྱོང་བརྡར་གྱི་རྣམ་པ་གསར་པ་ཆགས་པ་བྱས་ཡོད།

སྤྱི་ལོ ༢༠༡༩ ལོར།  ལྗོངས་ཡོངས་ཀྱི་ཁ་གཏད་དམིགས་བཙུགས་རྣམ་པའི་རྩལ་ནུས་སྦྱོང་བརྡར་སྤྲད་པའི་མི་གྲངས་ཀྱིས་སྤྱིའི་སྦྱོང་བརྡར་མི་གྲངས་ཀྱི་བརྒྱ་ཆ ༤༠ ཡན་ཟིན་པ་དང་།  ཁ་གཏད་རྣམ་པའི་སྦྱོང་བརྡར་ནང་ཞུགས་མཁན་ཞིང་འབྲོག་པ་ལས་ཞུགས་ཐུབ་ཚད་བརྒྱ་ཆ ༡༠༠ ཟིན་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༢༠ ལོར།  རང་ལྗོངས་ཀྱིས་གཙོ་གནད་ཐོག་དངོས་གཟུགས་ཅན་དང་རྩ་འཛུགས་ཅན་གྱི་ཞིང་འབྲོག་པའི་ལས་ཞུགས་སྤོ་བསྒྱུར་ལ་སྐུལ་འདེད་བཏང་སྟེ།  ཞིང་འབྲོག་པ་ཁྲི ༦༠ ལས་ཞུགས་སྤོ་བསྒྱུར་བརྒྱུད་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར ༤༢ ཟིན་པ་བྱ་རྒྱུ་དང་།  ཞིང་འབྲོག་པའི་ངལ་ནུས་རང་བཞིན་གྱི་ཡོང་འབབ་དང་ཆ་སྙོམས་མི་རེའི་ཡོང་འབབ་སྤྱི་ལོ ༢༠༡༩ ལོ་ལས་བརྒྱ་ཆ ༢༠ ཡན་འཕར་བ་བྱ་རྒྱུ་མ་ཟད།  རིམ་པ་བཞིའི་ངལ་ནུས་ཕྱིར་གཏོང་རྩ་འཛུགས་བཙུགས་ཏེ་ལོ་མཇུག་ཏུ་སླེབས་སྐབས་ངལ་ནུས་ཕྱིར་གཏོང་རྩ་འཛུགས་ཡོངས་ཁྱབ་ཐུབ་པ་བྱས་ནས།  ལོ་འཁོར་མོར་རྩ་འཛུགས་ཡོད་པའི་ངལ་ནུས་ཕྱིར་གཏོང་བྱེད་ཚད་ཀྱིས་ལས་ཞུགས་སྤོ་བསྒྱུར་སྤྱི་འབོར་གྱི་བརྒྱ་ཆ ༥༠ ལས་བརྒལ་ཐུབ་པ་བྱ་རྒྱུ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]