རང་ལྗོངས་ཀྱིས་ཏོག་གསར་གློ་ཚད་ནད་ཡམས་འགོག་བཅོས་ཐད་མ་དངུལ་འབོར་ཆེན་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-02-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཏོག་གསར་གློ་ཚད་ནད་ཡམས་ཐོན་ཚུན།  རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་མཐོང་ཆེན་པོ་བྱས་ཏེ་རིམ་ཁག་ནོར་སྲིད་མ་དངུལ་འགན་སྲུང་ནུས་ལྡན་བྱས་པ་དང་།  སྤྱི་ཟླ་གཉིས་པའི་ཚེས ༡༥ ཉིན་བར་ནད་ཡམས་འགོག་བཅོས་བྱེད་རྒྱུའི་ཐད་སྒོར་དུང་ཕྱུར ༣.༦ ལྷག་ཙམ་གཤམ་སྤྲོད་བྱས་ཡོད།
ཏོག་གསར་གློ་ཚད་ཕོག་པའི་ནད་པའི་སྨན་བཅོས་ཀྱི་གྲོན་དངུལ་ཁ་གསབ་རོགས་དངུལ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་ཆེད།  ཉེ་དུས།  རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུད་དང་མཉམ་འབྲེལ་ཐོག་ཏོག་གསར་གློ་ཚད་ནད་ཡམས་སྨན་བཅོས་འགན་སྲུང་ཡག་པོ་བྱེད་རྒྱུའི་སྐོར་གྱི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུད་དང་ནོར་སྲིད་པུའི་བརྡ་ཐོ་བརྒྱུད་བསྐུར་བྱས་པ་དང་།  རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུད་དང་མཉམ་འབྲེལ་ཐོག་ཏོག་གསར་གློ་ཚད་ནད་ཡམས་ཀྱི་སྨན་བཅོས་འགན་སྲུང་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་ཁ་གསབ་བརྡ་ཐོ་བརྒྱུད་བསྐུར་བྱས་ཏེ།  ཏོག་གསར་གློག་ཚད་ཀྱི་ནད་གཞི་གཏན་འཁེལ་བྱུང་བ་དང་དོགས་ཡོད་ནད་པའི་སྨན་རིན་ཐད་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ།  སྨན་བཅོས་རོགས་སྐྱོབ་སོགས་གཏན་འབེབས་ལྟར་སྨན་རིན་གཏོང་སྤྲོད་བྱས་རྗེས་མི་སྒེར་གྱིས་སྤྲོད་དགོས་པའི་ཆ་ཤས་དེ་ནོར་སྲིད་ནས་ཁ་གསབ་བྱས་ནས་ཕྱོགས་བསྡུས་འགན་སྲུང་བྱེད་རྒྱུ་རེད།
གཞན་ཡང་ཏོག་གསར་གློ་ཚད་ཕོག་པའི་ནད་པ་དང་ཐད་ཀར་འབྲེལ་བ་བྱུང་སྟེ་ཞིབ་བཤེར་བྱ་རྒྱུའི་ནད་པ་དང་ཡང་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་པར་སྨན་བཅོས་དང་ནད་གཡོག  ནད་པའི་མ་དཔེ་འཚོལ་བསྡུ།  ནད་ཁུངས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་སྤེལ་མཁན་འབྲེལ་ཡོད་མི་སྣ་རེར་ཉིན་རེར་ཁ་གསབ་རོགས་དངུལ་སྒོར་ ༣༠༠ སྤྲོད་རྒྱུ་དང་།  ནད་ཡམས་སྔོན་འགོག་ཚོད་འཛིན་ནང་ཞུགས་མཁན་སྨན་དོན་མི་སྣ་གཞན་དག་དང་རིམས་འགོག་ལས་དོན་པ་རེར་ཉིན་རེར་ཁ་གསབ་རོགས་དངུལ་སྒོར ༢༠༠ སྤྲོད་རྒྱུ་རེད།
དེང་སྐབས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རང་སྐྱོང་ལྗོངས་མི་རྒྱུན་ཐིང་དང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་ཚན་པ་དང་གཞོགས་འདེགས་བྱས་ནས།  ཞིབ་ཕྲའི་བྱ་ཐབས་ལ་ཞིབ་འཇུག་བྱེད་བཞིན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]