ལྷོ་ཁས་འབྱུང་འཕྲོད་དམངས་ཕྱུག་ཐོན་ལས་ཧུར་ཐག་བཏོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ནང་།  ལྷོ་ཁ་གྲོང་ཁྱེར་གྱིས་འབྱུང་འཕྲོད་དམངས་ཕྱུག་ཐོན་ལས་བཏོད་དེ་བྱེ་སྐྱོན་འགོག་བཅོས་བྱས་པ་མ་ཟད།  མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།  ཟངས་རི་རྫོང་རོང་ཤང་འཕྲིན་པ་གྲོང་ཚོའི་མུའུ ༡༠༡༧ ཟིན་པའི་འབྲས་ཤིང་ར་བའི་རྟེན་གཞི་ནི་རྫོང་དེས་བཏོད་པའི་གཙོ་གནད་འབྱུང་འཕྲོད་དམངས་ཕྱུག་ཐོན་ལས་ཞིག་རེད།

ངོ་སྤྲོད་བྱས་པར་གཞིགས་ན།  དེ་སྔོན་ས་ཆ་དེ་ཁུལ་ནི་ཐང་རྒོད་ཡིན་པས་མ་དངུལ་སྒོར་ཁྲི་ཚོ ༣༠༠༠ ལྷག་ཙམ་བཏང་སྟེ་བསྒྱུར་བཟོ་གསར་སྤེལ་བྱས་པ་མ་ཟད།  ལྗང་བསྒྱུར་སྡོང་ཕྲུག་དང་སྐྱེ་ཁམས་སྡོང་ཕྲུག  དཔལ་འབྱོར་ནག་ཚལ་གྱི་འབྲས་ཤིང་སྡོང་ཕྲུག་སོགས་ཤིང་རིགས་སྣེ་ཁ ༤༨ དང་སྡོང་ཕྲུག་ཁྲི་ཚོ ༨༨ འདེབས་འཛུགས་བྱས་ཡོད།  སྤྱི་ལོ ༢༠༡༨ ལོའི་ཚུན་དུ་རྟེན་གཞི་དེས་ཞིང་པ་ལས་མིར་གླ་ཕོག་སྒོར་ཁྲི་ཚོ ༦༠༠ ལྷག་ཙམ་སྤྲད་པ་དང་དུད་ཚང་ ༡༧ གྱི་མི་གྲངས ༦༤ དབུལ་གྲོལ་བརྟན་པོ་ཐུབ་ཡོད།

ལག་རྩལ་བློ་འདྲི་བ་དབང་འདུས་རྡོ་རྗེ་ནས།  ད་ལོའི་ལོ་མཇུག་བར་རྟེན་གཞི་དེས་སྡོང་ཕྲུག་ཁྲི་ཚོ ༡༠༠ འདེབས་འཛུགས་བྱེད་པའི་ལས་འགན་ལེགས་སྒྲུབ་བྱེད་རྒྱུ་དང་།  འཆར་གཞི་ལྟར་ན་རྟེན་གཞི་དེས་ཕྱིར་ཚོང་བྱས་པའི་སྐྱེ་ཁམས་སྡོང་ཕྲུག་དེ་དག་ནགས་བཟོ་བྱེ་འགོག་ཐད་སྤྱོད་རྒྱུ་ཡིན་ཞིང་།  ནགས་ཚལ་དང་འབྲས་ཤིང་སྡོང་ཕྲུག་འདེབས་འཛུགས་བརྒྱུད་མང་ཚོགས་ཕྱུག་འགྱུར་འབབ་འཕར་ཡོང་བ་བྱེད་རྒྱུ་དང་།  ལྗང་བསྒྱུར་སྡོང་ཕྲུག་དང་ཁམ་སྡོང་མཉམ་འདྲེས་ངང་རི་འདེབས་མཛེས་སུ་གཏོང་རྒྱུ་རེད་ཅེས་གསུངས།

སྤྱི་ཟླ ༣ པའི་ཟླ་དཀྱིལ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱི་ས་གནས་ཁག་གིས་གཅིག་མཇུག་གཉིས་མཐུད་ངང་ཤིང་འཛུགས་ནགས་བཟོ་བྱེད་འགོ་འཛུགས་རྒྱུ་དང་།  འཆར་གཞི་ལྟར་ན་ད་ལོ་ལྷོ་ཁ་གྲོང་ཁྱེར་གྱིས་སོམ་ཤིང་དང་སྦྱར་ལྕང་སོགས་ཀྱི་སྡོང་ཕྲུག་ཁྲི་ཚོ ༩༨ ལྷག་ཙམ་འདེབས་འཛུགས་བྱེད་རྩིས་ཡོད་པ་དེ་དག་གི་རྒྱ་ཁྱོན་མུའུ ༤༦༨༠༠ ཟིན་རྒྱུ་རེད།

ལྷོ་ཁ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ཁོའི་འགན་འཁུར་བ་བློ་བཟང་བསོད་ནམས་ནས།  ད་ཆ་གྲོང་ཁྱེར་དེ་ཡོངས་སུ་སྡོང་ཕྲུག་ར་བ ༥༨ ཡོད་པ་དང་།  ཉམས་མྱོང་ལྡན་པ་དང་ལག་རྩལ་ཡོད་པ།  ལག་ལེན་ལ་མཐོང་ཆེན་བྱེད་མཁན་བཅས་ཀྱི་ཞིང་པའི་བྱེ་སྐྱོན་འགོག་བཅོས་དཔུང་ཁག་ཁག་ཅིག་གསོ་སྐྱོང་བྱས་ནས།  སྔོ་ལྗང་ནི་འབྱོར་ཕྱུག་ཡིན་པའི་འདུ་ཤེས་མི་སེམས་ལ་ཟུག་པ་བྱས་ཡོད་ཅེས་གསུངས།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]