ད་ལོ་ཆབ་མདོས་འབྲུ་རིགས་མུའུ་ཁྲི་ཚོ ༦༧.༥༨འདེབས་འཛུགས་བྱ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པས་ཆབ་མདོ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུད་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཆབ་མདོ་གྲོང་ཁྱེར་གྱིས་སྔ་སྣུར་དུ་འཆར་འགོད་བྱས་ཏེ་སྲིད་ཇུས་བརྟན་པོ་དང་ཐོན་འབབ་བརྟན་པོའི་སྒོ་ནས་ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་དཔྱིད་འདེབས་དང་དངོས་ཟོག་མཁོ་འདོན་འགན་སྲུང་བྱེད་རྒྱུར་དམ་འཛིན་བྱས་པ་དང་།  ད་ལོ་གྲོང་ཁྱེར་དེ་ཡོངས་ཀྱིས་འབྲུ་རིགས་མུའུ་ཁྲི་ཚོ ༦༧.༥༨ འདེབས་རྒྱུའི་འཆར་གཞི་བཏིང་ཡོད།
གྲོང་ཁྱེར་དེ་ཡོངས་ཀྱིས་རིགས་ཁག་གི་ལོ་ཏོག་གི་སོན་བཟང་རྒྱ་མ་ཁྲི་ཚོ ༤༧༣ ཉོ་སྒྲུབ་དང་སྐྱེལ་འདྲེན་བྱེད་རྒྱུ་དང་།  དེང་སྐབས་ལས་དོན་དེ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་སྤྱི་ཁྱབ་ས་ཚུགས་ཀྱིས་རང་སྐྱོང་ལྗོངས་ཞིང་ལས་ལག་རྩལ་ལྟེ་གནས་དང་ལྷ་ས་དང་ལྷོ་ཁ།  གཞིས་རྩེ་བཅས་གྲོང་ཁྱེར་གྱི་ཞིང་ལས་གྲོང་གསེབ་ཅུད་སོགས་དང་མཐུན་སྦྱོར་བྱེད་བཞིན་ཡོད་ཅིང་།  ཞིང་ལས་མ་བྱས་གོང་རྫོང་༼ཆུས༽ཁག་ལ་དབོར་འདྲེན་ཐུབ་པ་བྱེད་རྒྱུ་རེད།
གྲོང་ཁྱེར་དེ་ཡོངས་ཀྱིས་ཁྱོན་རྫས་ལུད་ཀྲོན ༦༨༤༤ ཉོས་ཡོད་པ་དེ་དག་སྤྱི་ཟླ ༣ པའི་ཟླ་མཇུག་ཏུ་དབོར་འདྲེན་ཚར་བ་བྱེད་རྒྱུ་དང་།  ཞིང་སྨན་ཀྲོན ༧.༤ ཉོས་ཡོད།  གྲོང་ཁྱེར་དེ་ཡོངས་ཀྱི་རྫོང་༼ཆུས༽ ༡༡ ལ་ཉི་འོད་དྲོད་ཁང་བསྟར་པ ༢༢༥༣ ཡོད་པའི་ནང་དེང་སྐབས་བེད་སྤྱོད་བྱེད་བཞིན་པའི་དྲོད་ཁང་བསྟར་པ ༢༡༩༦ ཡོད་པ་དང་།  སྔོ་ཚལ་འདེབས་ཁྱོན་མུའུ ༡༢༥༢ ཙམ་ཟིན་ཞིང་གྲོང་ཁྱེར་དེ་ཡོངས་ཀྱི་ཉིན་རེའི་སྔོ་ཚལ་ཐོན་ཚད་ཀྲོན ༦.༥ ཟིན་གྱི་ཡོད།
གནམ་གཤིས་དྲོ་རུ་ཕྱིན་པ་དང་སྦྲགས་ད་ལོ་ཆབ་མདོ་གྲོང་ཁྱེར་གྱིས་དཔྱིད་འདེབས་ལས་དོན་དེ་སྤྱི་ཟླ ༤ པའི་ཟླ་དཀྱིལ་ནས་ས་བབ་དམའ་བའི་དཔའ་ཤོད་དང་བྲག་གཡབ་ནས་ས་བབ་མཐོ་བར་རིམ་བཞིན་འདེབས་འགོ་འཛུགས་རྒྱུ་དང་སྤྱི་ཟླ ༥ པའི་ཟླ་མཇུག་ཏུ་སྤྱིར་ན་ཚར་བ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]