རང་ལྗོངས་ཀྱིས་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུར་སྐུལ་འདེད་ནུས་ལྡན་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2020-03-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་དཔོན་ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ལོ ༢༠༢༠ ལོའི་ཚོགས་འདུ་ཐེངས་གཉིས་པ་སྐོང་འཚོགས་གནང་བ་རེད།
ནོར་བུ་དོན་གྲུབ་ནས།  སེམས་ཁྲལ་མི་དགོས་པ་གཉིས་དང་འགན་ལེན་གསུམ་གྱི་ཚད་གཞི་དང་གྲུབ་འབྲས་སྲ་བརྟན་གཏོང་བ་དང་ཆད་སྐྱོན་གསབ་པ།  ལས་ཀ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ཏན་ཏིག་བྱེད་པ།  ལས་ཞུགས་ལ་སྐུལ་འདེད་གཏོང་བ།  ཐོན་ལས་ལ་འདེགས་སྐྱོར་བྱེད་པ།  སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་པ་སོགས་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ཁག་ཏན་ཏིག་སྒྲུབ་ནས་དབུལ་གྲོལ་འགག་སྒྲོལ་སྤུས་ལེགས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ་དང་།  གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ལྟ་བུའི་ནུས་པ་དང་།  ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ།  གྲོང་ཚོར་བཅའ་སྡོད་ཀྱི་རོགས་སྐྱོར་དང་གཉེན་འབྲེལ་རོགས་སྐྱོར་གྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་སྐུལ་སློང་བྱས་ཐོག  ཇུས་ཤུགས་མཉམ་འདོན་ཐོག་ནས་རིམས་ནད་འགོག་ཟོན་དང་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་བཤད་གནང་བ་རེད། །

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]