གཙུག་ལག་ཁང་འདི་ཉིད་རྒྱལ་ཁབ་ཀྱིA༥རིམ་པའི་རང་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཉིས་པར་གྱུར་བ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2014-10-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

 

 

ལྷ་ལྡན་གཙུག་ལག་ཁང་།(དཔྱད་གཞིའི་པར་རིས།)

རྒྱལ་ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་དཔྱད་འདེམས་བྱས་པ་བརྒྱུད།  ལྷ་སའི་གཙུག་ལག་ཁང་གི་མཛེས་ལྗོངས་ཁུལ་འདི་ཉིད་རྒྱལ་ཁབ་ཀྱི A༥ རིམ་པའི་མཛེས་ལྗོངས་ཁུལ་གྱི་ཚད་གཞི་ལོན་ནས་རྒྱལ་ཁབ་ཀྱི A༥ རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་ཆོག་མཆན་སྤྲད་ཡོད་པས།  རང་ལྗོངས་ནང་ཕོ་བྲང་པོ་ཏ་ལའི་རྗེས་རྒྱལ་ཁབ་ཀྱི A༥ རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མཚན་སྙན་ཐོབ་མཁན་མཛེས་ལྗོངས་ཁུལ་གཉིས་པ་དེར་གྱུར་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་འགྱུར་བཀོད་སྒྲིག་ལྟར།  འཛམ་གླིང་ཡུལ་སྐོར་བའི་དམིགས་ས་གཙོ་བོའི་གྲས་སུ་འཛུགས་སྐྲུན་ཏན་ཏིག་ཐུབ་ཆེད།  རང་སྐྱོང་ལྗོངས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པའི་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་ལོ་གཅིག་ལྷག་ཙམ་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད།  དཔྱད་འདེམས་རིགས་གཅིག་མཁས་ཅན་གྱི་མཛེས་ལྗོངས་རིན་ཐང་གཏན་འཁེལ་དང་།  མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་སྒྲིག་ཆས་དང་ཁོར་ཡུག་དཔྱད་དཔོག་སོགས་ས་ཆ་དངོས་ཀྱི་ཞིབ་བཤེར་གཏན་འཁེལ་བདེ་བླག་བྱུང་བ་རེད།།

 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]